མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི4རྐྱེན་ལམ་དུ་ཤོར་བ་དང་མི20ལ་རྨས་ཕོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་སྤྱི་ཟླ6པའི་ཚེས8ཉིན་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་བ་དང་། མིག་སྔར་མི4རྐྱེན་ལམ་དུ་ཤོར་བ་དང་། མི20ལྷག་ལ་རྨས་ཕོག རྨས་མའི་ཁྲོད་བྱིས་པ4ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ཤར་ལྷོའི་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་འདུས་སྡོད་བྱེད་ས་ཞིག་ནས་བྱུང་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན། འགས་གཏོར་བྱུང་ས་དེ་སྨན་ཁང་ཆུང་བ་ཞིག་གི་ཉེ་འདབས་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས1ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་རག་ཏུ་ད་ལོའི་སྤྱི་ཟླ5བར་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས1045ལ་བསླེབ་ཡོད་པ་དང་། ལོ་ལྔའི་ནང་ཟླ1གི་ཤི་ཚད་ཇེ་མང་བོར་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག