མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པ་ནོན་གྱི་ཙུང་ཐུང་གིས་ཕྱི་རྒྱལ་གྱིས་སི་རི་ཡར་དམག་དོན་ཐེ་ཇུས་བྱས་པར་ངོ་རྒོལ་བྱེད་རྒྱུའི་ནན་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས7ཉིན། ལི་པ་ནོན་གྱི་ཙུང་ཐུང་སུ་ལའེ་མེན་གྱིས་ཙུང་ཐུང་ལས་ཤག་ཏུ་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་སྐབས། ལི་པ་ནོན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་དམག་དོན་སྟོབས་ཤུགས་གང་རུང་གིས་སི་རི་ཡར་འགོག་རྐྱེན་བཟོ་བར་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ཆབས་ཅིག་ལི་པ་ནོན་གྱི་མི་གང་རུང་གིས་སི་རི་ཡའི་ཉམས་ཉེན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུའི་ནན་བཤད་གནང་ཡོད་པ་རེད།

སུ་ལའེ་མེན་གྱིས། ལི་པ་ནོན་གྱི་སྲིད་གཞུང་དང་མི་དམངས་ཀྱིས་སི་རི་ཡའི་ཉམས་ཐག་མི་སེར་འབོར་ཆེན་ལི་པ་ནོན་དུ་སླེབས་པ་ལས་བཟོས་པའི་ཁུར་པོ་ལྕི་པོ་དང་ཤུགས་རྐྱེན་ངན་པ་ཐེག་ཐབས་མེད་ཅེས་གསུངས་པ་དང་། ཁོང་གིས་དེའི་ཐད་གྲོས་འགོ་ཁག་ལྔ་བཏོན་ཡོད་པ་དང་། དེའི་ནང་རྒྱལ་སྤྱིའི་གྲོས་ཚོགས་དང་ཕྱོགས་གཉིས་གྲོས་མོལ་བྱེད་པ་བརྒྱུད་ལི་པ་ནོན་ལ་ཉམས་ཐག་མི་སེར་དང་དངོས་ཟོག་གི་ཁུར་པོ་ཁུར་རོགས་བྱེད་རྒྱུ་དང་། ཉམས་ཐག་མི་སེར་གསར་པར་ཉམས་ཐག་མི་སེར་གྱི་ཚད་གཞི་ལག་བསྟར་བྱེད་པ། འབྲེལ་ཡོད་སྒྲིག་འཛུགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ཐག་མི་སེར་སི་རི་ཡའི་ས་ཁོངས་ནང་བཀོད་སྒྲིག་བྱས་ཏེ་ཁོང་ཚོ་ལི་པ་ནོན་གྱི་ས་མཚམས་སུ་བྲོས་བྱོལ་དུ་མི་གཏོང་བ་སོགས་ཚུད་ཡོད་པ་རེད། འབྲེལ་ཡོད་སྙན་ཞུ་ལས་བསལ་བར། མིག་སྔའི་བར། ལི་པ་ནོན་དུ་ཉམས་ཐག་མི་སེར་གྱི་ཐོབ་ཐང་རེ་ཞུ་བྱེད་པར་སླེབས་པའི་སི་རི་ཡ་བ་ལྔ་འབུམ་ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག