མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧོང་ལེ་ཡིས་སྤྱི་ཟླ6པའི་ཚེས7ཉིན་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕའེ་ཅིན་ཧུའེ་སྤྱི་ཟླ6པའི་ཚེས27ཉིན་ནས་ཚེས30ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དང་། ཀྲུང་གོའི་འགོ་ཁྲིད་པ་དང་མཇལ་མོལ་གནང་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་ཕྱོགས་གཉིས་འབྲེལ་བ་དང་ཐུན་མོང་ཐོག་དོ་འཁུར་བྱེད་པའི་གལ་ཆེའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག