མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་ད་ལོའི་ལོ་མཇུག་ཏུ་འཐབ་ཇུས་མེ་ཤུགས་འཕུར་མདེལ་གསར་པ་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས7ཉིན། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དྲག་ཇུས་པུའི་དམག་འཐབ་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་ཧྥོ་ལ་ཅིར་མི་•ཀྲ་ལུ་དེ་ནེ་ཚེ་ཅིས། ཨུ་རུ་སུའི་སྐམ་སའི་འཐབ་ཇུས་མེ་ཤུགས་འཕུར་མདེལ་“པན་ཅེ”ཅེས་པ་དེ་ད་ལོའི་ལོ་མཇུག་གོང་དམག་འཐབ་ལས་རེས་ནང་ཞུགས་རྒྱུ་ཡིན་པ་དང་། རྡུལ་ཉིང་མཚོན་ཆ་སྒྲིག་སྦྱོར་བྱེད་མཁན་མེ་ཤུགས་འཕུར་མདེལ་ཐོན་ཤོག་ཐོག་མ་དེ་སྤྱི་ལོ2014ལོར་བཙུགས་ཟིན་པ་བྱ་རྒྱུ་རེད་ཅེས་གསུངས།

ཁོང་གིས། པན་ཅེ་མེ་ཤུགས་འཕུར་མདེལ་མ་ལག་ཚོད་ལྟའི་འཕེན་གཏོང་བྱེད་རྒྱུ་དེ་སྤྱི་ཟླ6པའི་ཚེས6ཉིན་གྱི་དགོང་མོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། དེའི་མདེལ་མགོ་ཡོངས་ཧ་སག་ཁེ་སི་ཐན་གྱི་པར་ཧ་ཧྲེ་མེ་མདའ་འཕེན་སར་ཡོད་པའི་དམིགས་སར་ཕོག་ཡོད་པ་རེད། དེ་ནི་ཨུ་རུ་སུའི་དམག་གིས་པེན་ཅེ་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟ་བྱེད་ཐེངས་བཞི་པ་དེ་ཡིན་པ་དང་། དངོས་སུ་སྒྲིག་སྦྱོར་མ་བྱས་གོང་། ད་དུང་ཚོད་ལྟའི་འཕེན་གཏོང་ཐེངས་ཤིག་བྱེད་དགོས་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག