མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱིས་སི་རི་ཡའི་ཡུལ་གྱར་བར་རོགས་སྐྱོར་མ་དངུལ་ཡོ་རོབ་གྱི་སྒོར་མོ་དུང་ཕྱུར4མཁོ་འདོན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས6ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལོ་ཙོས་སི་རི་ཡའི་གནས་བབ་ཇི་སྡུག་ཏུ་འགྲོ་བར་གཞིགས་ནས་ཡོ་རོབ་མནའ་འབྲེལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མ་དངུལ་ཡོ་རོབ་གྱི་སྒོར་མོ་དུང་ཕྱུར4མཁོ་འདོན་བྱས་ནས་རྒྱལ་ནང་དང་ཉེ་འཁོར་རྒྱལ་ཁབ་ཀྱི་སི་རི་ཡའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་ཐད་བེད་སྤྱོད་བྱ་རྒྱུའི་ཐག་བཅད་པ་ཁྱབ་བསྒྲགས་གནང་ཡོད་པ་རེད།

པ་ལོ་ཙོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ནི་སྟབས་བསྟུན་གྱི་བྱ་ཐབས་ཤིག་ཡིན། ཆེས་རྩ་བ་ནི་ཆབ་སྲིད་ཀྱི་ཐོག་ནས་ཐག་ཅོད་ཐུབ་པའི་ཇུས་གཞི་ཞིག་འཚལ་ནས་སི་རི་ཡའི་རྒྱལ་ནང་གི་གདོང་ཐུག་མཇུག་སྒྲིལ་དགོས་ཀྱི་ཡོད་ཅེས་གསུངས་འདུག ཡོ་རོབ་མནའ་འབྲེལ་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་འགན་འཁུར་མཁན་ཨུ་ཡོན། ཀེ་ཨོར་ཅི་ཡས་ཝས་དམག་འཁྲུག་གི་ཤུགས་རྐྱེན་འོག མིག་སྔར་སི་རི་ཡའི་མི་ས་ཡ་བདུན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་ཀྱི་ཡོད། དེ་དག་ཁྲོད་ནས་ཕྱེད་ཀ་ཡན་ནི་བྱིས་པ་ཡིན་པས་ཕྱོགས་ཁག་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག