མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ཀ་ནས་གཏེར་ཁུལ་ཕྱི་རོལ་ནས་མི་འཇུ་བཟུང་གི་བྱ་སྤྱོད་སྤེལ་མཚམས་འཕྲལ་དུ་འཇོག་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀ་ནར་བཅའ་སྡོད་ཀྲུང་གོའི་གཞུང་་ཚབ་ཆེན་མོ་ཁང་གི་གནས་སྐབས་ལས་ཚབ་པ་ཀྲུའུ་ཡའུ་པིན་གིས་སྤྱི་ཟླ6པའི་ཚེས6ཉིན་ཛ་བྲེལ་ངང་ཀ་ནའི་ཁྲིམས་འགལ་གྱི་གསེར་བསྔོག་འདོན་གཙང་སེལ་པུའི་བར་གྱི་ཆེད་དོན་བྱ་སྤྱོད་ཚོ་ཆུང་གི་འགོ་འཛིན་དང་རྒྱལ་ཁབ་ས་ཆའི་ཐོན་ཁུངས་པུའུ་ཡི་འགོ་འཛིན་ཧྥེ་སྲས་ཉི་དང་ཐུག་འཕྲད་བྱས་ཏེ། མིག་སྔར་ཀ་ནའི་ཁྲིམས་འཛིན་སྡེ་ཁག་གིས་མགྲོན་ཁང་དང་ལམ་བར་ནས་ཀྲུང་གོའི་གསེར་བསྔོག་འདོན་བྱེད་མཁན་མི་སྣ་འབོར་ཆེན་འཇུ་བཟུང་བྱསས་པའི་ཐད་འབྲེལ་གཏུག་དྲང་ནན་བྱས་ཡོད་པ་རེད། ཀྲའུ་ཡུའུ་པིན་གྱིས་ཀ་ནའི་ཕྱོགས་ནས་གཏེར་ཁ་འདོན་སའི་ཕྱི་རོལ་གྱི་ས་ཁོངས་ནང་འཇུ་བཟུང་གི་བྱ་སྤྱོད་སྤེལ་མཚམས་འཕྲལ་དུ་བཞག་ནས་ཀྲུང་གོར་ཕྱིར་ལོག་བྱེད་བརྩིས་ཡོད་པའི་སྤྱི་དམངས་ལ་འགྲོ་སྐྱོད་ཐད་སྟབས་བདེ་བསྐྲུན་དགོས་པ་དང་། དམག་མི་དང་ཉེན་རྟོག་པ་འགའ་ཞིག་དང་ས་གནས་དེ་གའི་ཡུལ་མིས་ཀྲུང་གོའི་མི་སྣར་འཇབ་རྒོལ་དང་རྒྱུ་དངུལ་འཕྲོག་བཅོམ་བྱེད་པའི་བྱ་སྤྱོད་ཐད་ཚོད་འཛིན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

ཧྥེ་སྲས་ཉིས་ཀ་ནའི་ཕྱོགས་ནས་ཀ་ཀྲུང་བར་གྱི་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ཐབས་ལམ་གང་ལེགས་འཚལ་ནས་མིག་སྔའི་གནད་དོན་ཐག་གཅོད་ཀྱིས་ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བར་སྲུང་སྐྱོང་བྱེད་འདོད་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག