མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐབས་གཉིས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨེ་ཞི་ཡ་ཤར་མའི་གྲོས་ཚོགས་འཚོགས་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གཉིས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨེ་ཞི་ཡ་ཤར་མའི་གྲོས་ཚོགས་སྤྱི་ཟླ་6པའི་ཚེས6ཉིན་གྱི་ཕྱི་དྲོ་འབར་མའི་རྒྱལ་ས་ནེ་པེ་ཏུར་དངོས་སུ་འཚོགས་འགོ་ཚུགས་ཡོད་པ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི། འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་དང་ཝ་དེ་ནམ་གྱི་ཙུང་ལི་རོན་ཅིན་ཡུང་། ལའོ་སིའི་ཙུང་ལི་ཐུང་ཤིན་བཅས་གྲོས་ཚོགས་ལ་ཞུགས་པ་མ་ཟད། འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་ཡོད་པ་རེད། ཧྲེ་ཝ་པུས་འབར་མས་ད་ཆ་ལོ་རྒྱུས་ཀྱི་ལིའུ་གསར་པ་སྐྲུན་བཞིན་ཡོད། ངས་འབར་མའི་གོང་འཕེལ་གྱི་མདུན་ལྗོངས་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་ད་དུང་འབར་མས་ཁྱིམ་མཚེས་རྒྱལ་ཁབ་ལ་སློབ་སྦྱོང་བྱས་ཐོག ཟམ་མི་ཆད་པར་སྒྱུར་བཅོས་ཀྱིས་རྒྱུན་མཐུད་དང་། མགྱོགས་མྱུར། ཁོག་ཡངས་རང་བཞིན་བཅས་ཀྱི་འཕར་སྣོན་ཡོང་བ་བྱ་རྒྱུའི་སྐུལ་མ་གནང་ཡོད་པ་རེད།

ཝུའུ་ཏེང་ཧྲེང་གིས་འབར་མས་བློ་བརྟན་འགྱུར་མེད་ངང་མུ་མཐུད་སྒྱུར་བཅོས་བྱེད་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབར་མར་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུའི་རེ་བ་ཡོད། འབར་མར་ཕྱི་རྒྱལ་གྱི་མ་འཇོག་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག རོན་ཅིན་ཡུང་དང་ཐུང་ཤིན་གྱིས་ཤིས་ཚིག་གསུང་སྐབས། ཨེ་ཞི་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཏོན་གནང་བ་དང་། ཐུན་མོང་ཐོག་འབད་བརྩོན་བྱས་ནས་སྤྱི་ལོ2015ལོར་སླེབས་དུས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་མ་ལག་བཙུགས་ནས་ཨེ་ཞི་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་བ་རྒྱུ་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག