མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུའུ་ལེར་གྱིས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད་ཅེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-09 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་རྒྱུ་ནོར་ཞེས་པའི་འཛམ་གླིང་ཧྲིལ་པོའི་གླེང་སྟེགས་གྲོས་ཚོགས་ལ་ཞུགས་མཁན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་པུའུ་ལེར་གྱིས་སྤྱི་ཟླ6པའི་ཚེས6ཉིན་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་དང་བཏང་སྙོམ་ཡོང་བ་བྱེད་པའི་ཐད་ཀྲུང་གོ་ཐེ་ཞུགས་བྱེད་རྒྱུའི་དགོས་པ་ཡོད་པ་མ་ཟད། ཀྲུང་གོས་དེའི་རྒྱུད་རིམ་ནང་གལ་ཆེའི་ནུས་པ་འདོན་དགོས་ཀྱི་ཡོད་ཅེས་གསུང་ཡོད་འདུག

པུའུ་ལེར་གྱིས་བསྟན་པར། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ཚུལ་དེ་སྟོབས་ཆེ་བའི་ཁྲོམ་རའི་ཐོག་ནས་མངོན་པ་མ་མ་ཟད། ཀྲུང་གོའི་ཉོ་སྒྲུབ་བྱེད་ཤུགས་ཆེ་བ་དེས་ཀྱང་འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ལ་སྐུལ་མ་ཐེབས་པ་དེའི་ཐོག་ནས་མངོན་གྱི་ཡོད། གལ་སྲིད་ཀྲུང་གོར་ཉོ་སྒྲུབ་བྱེད་ཤུགས་ཆེན་པོ་དེ་འདྲ་མེད་ན། འཛམ་གླིང་གི་དཔལ་འབྱོར་སྔར་བས་ཉམས་ཞན་དུ་འགྲོ་སྲིད་ཅེས་དང་། པུའུ་ལེར་གྱིས་ད་དུང་ཀྲུང་གོ་དང་དབྱིན་ཇིའི་བར་མ་འཇོག་ཉོ་ཚོང་གི་འགྲོ་འོང་རྟག་ཏུ་བདེ་བླགས་བྱུང་ཡོད། ངས་ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇིར་མ་འཇོག་བྱེད་རྒྱུར་དགའ་བསུ་ཆེན་་པོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག