མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱ་ལ་དམིགས་པའི་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ5དང་དུང་ཕྱུར2ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-09 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས7ཉིན་འབོད་སྐུལ་བཏང་སྟེ། སི་རི་ཡཱ་ལ་དམིགས་པའི་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ5དང་དུང་ཕྱུར2ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཞིག་ཡིན་པ་དང་། 2003ལོར་དབྱི་རག་ལ་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ2དང་དུང་ཕྱུར2ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་མྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པས་བསྟན་དོན། གལ་ཏེ་ནང་འཁྲུག་མཚམས་མ་བཞག་ན། ཀྲུང་ཏུང་ས་ཁུལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་ཡུལ་ལས་འགོངས་པའི་ཤུགས་རྐྱེན་ངན་པ་འབྱུང་སྲིད་ཟེར།

ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་ཚེས7ཉིན་བཀོད་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ། བྲེལ་མྱུར་རོགས་སྐྱོར་གྱི་མཐུན་སྦྱོར་པ་ཨ་མའོ་སི་ཡིས་བསྟན་དོན། ད་ལོའི་ལོ་མཇུག་གི་བར་དུ། ཡུལ་གྱར་བ་ས་ཡ3.5ཙམ་སི་རི་ཡཱ་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་བྱེད་སྲིད་པ་དང་། སི་རི་ཡཱའི་རྒྱལ་ནང་དུའང་མང་ཚོགས་ས་ཡ་འགའ་ལ་སྡོད་སའི་ཁྱིམ་མེད་པར་འགྱུར་སྲིད་ཟེར། སང་ལོའི་ལོ་མགོར་སི་རི་ཡཱའི་མང་ཚོགས་བྱེ་བ1.25ལ་རོགས་སྐྱོར་མཁོ་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་སྔོན་གྱི་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ3ནས་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ5དང་དུང་ཕྱུར2ལ་ཇེ་མང་དུ་བཏང་། རོགས་སྐྱོར་མ་དངུལ་མང་ཤོས་ཅོར་ཏན་དང་ལེ་པཱ་ནུན། ཐུར་ཁེ་སོགས་རྒྱལ་ཁབ་ཏུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བར་རོགས་རམ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། དེའི་འཕྲོའི་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ1དང་དུང་ཕྱུར4སི་རི་ཡཱའི་མངའ་ཁོངས་སུ་བཀོལ་རྒྱུ་རེད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་རེ་འགས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་ཚོད་འཛིན་བྱས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་ལ་འབྲེལ་འདྲིས་བྱེད་པར་ཚད་བཀག་ཐེབས་སྲིད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱི་ཟླ6པའི་ཚེས6ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར5.3གྱི་ཞལ་འདེབས་འབུལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག