མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡས་ཁེ་ཁྲང་བཟོ་ལས་ཁུལ་སྐྱར་དུ་སྒོ་འབྱེད་རྒྱུ་སོགས་ཀྱི་གྲོས་འགོ་དང་ལེན་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-08 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས6ཉིན་ལྷོ་ཁོ་རེ་ཡའི་གཅིག་གྱུར་པུའུ་ནས་གསལ་བསྒྲགས་སྤེལ་ཏེ། བྱང་ཁོ་རེ་ཡས་ཉིན་དེ་རང་ལ་བཏོན་པའི་ཁེ་ཁྲང་བཟོ་ལས་ཁུལ་སྐྱར་དུ་སྒོ་འབྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་སྲིད་གཞུང་བར་སྐད་ཆ་ཤོད་རེས་བྱ་རྒྱུའི་སྐོར་གྱི་གྲོས་འགོར་དང་ལེན་ཧུར་ཐག་ཞུས་ཡོད་པ་རེད།

གསལ་བསྒྲགས་ནང་། ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡས་བཏོན་པའི་ལྷོ་བྱང་གཉིས་ཀྱི་སྲིད་གཞུང་བར་གྲོས་མོལ་བྱ་རྒྱུའི་གྲོས་འགོར་གདེང་འཇོག་གང་ལེགས་བྱེད་པ་དང་། ད་རེས་ཀྱི་གྲོས་མོལ་དེ་ལྷོ་བྱང་གཉིས་བར་ཡིད་ཆེས་ཟབ་ཏུ་གཏོང་རྒྱུའི་གོ་སྐབས་ཤིག་ལ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

གལ་སྲིད་གྲོས་མོལ་བྱེད་ཐུབ་ཚེ། དེ་ནི་ལྷོ་བྱང་ཁོ་རེ་ཡ་གཉིས་སྤྱི་ལོ2011ལོའི་ཟླ་བ2པར་དམག་དོན་ལས་དོན་སྐོར་གྱི་གྲོས་མོལ་བྱས་ནས་ལོ་གཉིས་སོང་ཚུན་གྱི་སྲིད་གཞུང་བར་གྲོས་མོལ་བྱེད་ཐེངས་དང་པོ་དེ་རེད། ལྷོ་ཁོ་རེ་ཡའི་སྲིད་དབང་མི་འཛིན་པའི་ཏང་ཤོག་ཆེ་ཤོས་དམངས་གཙོ་གཅིག་སྒྲིལ་ཏང་གིས་བྱང་ཁོ་རེ་ཡས་འཁྲུག་རྐྱེན་སློང་བ་དང་འཇིགས་སྣང་སྐུལ་བ་བརྒྱུད། ལྷོ་བྱང་གཉིས་བར་གྱི་འབྲེལ་བ་ཛ་དྲག་ཏུ་གཏོང་རྒྱུའི་རྣམ་འགྱུར་དོར་ནས་ལྷོ་བྱང་གཉིས་ཀྱི་སྲིད་གཞུང་བར་གྲོས་གམོལ་བྱེད་རྒྱུའི་གྲོས་འགོ་བཏོན་པ་དེ་ནི་དོན་སྙིང་ལྡན་པ་ཞིག་ཡིན་པས་དེ་གོ་སྐབས་ཤིག་ལ་འཛིན་ནས་ལྷོ་བྱང་བར་གྱི་ཛ་དྲག་གནས་བབ་གནས་བ་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག