མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཁྲའོ་ཞན་དང་ཧན་གོས་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཁྲའོ་ཞན་གནད་དོན་གྱི་སྐོར་ཞིབ་ཕོ་ཉ་ལོ་ཀི་ཝེ་ནོའུ་ཧྥུའུ་ཡིས་སྤྱི་ཟླ6པའི་ཚེས7ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཧན་གོའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་བར་དགའ་བསུ་ཞུས་པ་དང་། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དུས་ཡུན་རིང་བོར་ཇེ་བཟང་དུ་འགྲོ་བའི་རེ་སྨོན་ཞུས།

ལོ་ཀི་ཝེ་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་སྣང་ཚུལ་བཟང་བོ་བྱུང་བ་དང་། ཐོག་མར་ཁྲའོ་ཞན་གྱིས་ཧན་གོའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་དམིགས་པའི་གྲོས་གཞི་བྱེ་བྲག་པ་རེ་འགའ་བཏོན་པ་དང་། ཁའེ་ཁྲིན་བཟོ་ལས་ར་བའི་སླར་གསོ་དང་ཅིན་ཀང་རི་བོའི་གནས་སྐོར་སླར་གསོ་བྱེད་པ། ཁ་ཐོར་དུ་སོང་གཉེན་ཉེ་ངོ་ཐུག་པ་སོགས་གནད་དོན་ལ་འབྲེལ་བ་ཡོད། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ཀྱི་གྲོས་གཞི་ལ་རྣམ་འགྱུར་བཟང་བོ་སྟོན་དགོས་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག