མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སོ་མ་ལིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ལི་པའོ་ཏུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སོ་མ་ལིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག སོ་མ་ལིའི་སྲིད་གཞུང་ལ་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ཐག་གཅོད་བྱེད་རོགས་བྱེད་དགོས་ཞེས་གསུངས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མ་ལིའི་གནད་དོན་ཐད་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ཡོད་པ་རེད། ལི་པའོ་ཏུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་སོ་མ་ལིའི་གནད་དོན་ཐག་གཅོད་བྱེད་ཆེད། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་ཞེས་བསྟན་པ་དང་། ཁོང་གིས་ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མུ་མཐུད་སོ་མ་ལིར་དོ་ཁུར་བྱེད་ཤུགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སོ་མ་ལིའི་ཞི་བདེ་དང་སྐྱར་འཛུགས་ཐད་རྒྱབ་སྐྱོར་བྱེད་དགོས་པ་དང་། ལྷག་པར་དུ་སོ་མ་ལིའི་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་རང་ངོས་ཀྱི་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མ་ལིའ་གནད་དོན་འོས་སཚམ་ངང་ཐག་གཅོད་བྱ་ཐབས་ཐད་འབད་བརྩོན་བྱེད་པར་དགའ་བསུ་ཞུ་བ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མ་ལིའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་ནས་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་པའི་རྨང་གཞིའི་ཐོག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག