མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་ས་ཡ3.5ལ་བསླེབ་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས7ཉིན་བཤད་རྒྱུར། ད་ལོའི་ལོ་མཇུག་བར་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བའི་མི་གྲངས་ལྡབ་གཅིག་ལྷག་འཕར་ཏེ་མི་ས་ཡ3.5ལ་བསླེབ་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀུའུ་ཐི་ལོས་ཀྱིས་རི་ནེ་ཝ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་ན་ད་ལོའི་ལོ་མཇུག་གི་བར་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བའི་མི་གྲངས་ས་ཡ་གསུམ་དང་འབུམ་ལྔ་ལ་བསླེབ་སྲིད་ཟེར།

མིག་སྔར་སི་རི་ཡཱའི་ཡུལ་གྱར་བ་ས་ཡ1.6ཙམ་ཅོར་ཏན་དང་ལེ་པཱ་ནུན། ཐུར་ཁེ། དབྱི་རག ཨེ་ཅིབ་སོགས་རྒྱལ་ཁབ་ཏུ་འཚོ་བཞིན་ཡོད། དེ་ལས་གཞན་ཉིན་རྒྱུན་ཡུལ་གྱར་བ7000ལྷག་རྒྱལ་མཚམས་བརྒལ་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་བྱེད་བཞིན་ཡོད།

ཀུའུ་ཐི་ལོས་ཀྱིས་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་དྲག་ཤུགས་འཁྲུག་རྩོད་རྒྱུན་བསྲིངས་ན། ཀྲུང་ཏུང་ས་ཁུལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲ་སྒྲིག་བྱེད་ཐབས་མེད་པའི་ཉམས་ཉེན་ཆེན་པོ་འབྱུང་སྲིད་ཟེར།

ཁོས་ནན་གྱིས་བསྟན་དོན། ལེ་པཱ་ནུན་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱིས་སོ་སོར་སི་རི་ཡཱའི་ཡུལ་གྱར་འབུམ5དང་ལེན་བྱས་ཏེ་དཔལ་འབྱོར་གྱི་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག