མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིང་ཧེ་ཡིས་ཁེ་ཁྲང་བཟོ་ལས་ཁུལ་སོགས་གནད་དོན་ཐག་གཅོད་བྱེད་པའི་རེ་བ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-08 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས6ཉིན། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕེའོ་ཅིང་ཧེ་ཡིས་ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་སྲིད་གཞུང་བར་གྲོས་མོལ་བྱེད་རྒྱུ་དེ་གོ་སྐབས་ཤིག་ལ་འཛིན་ནས་སྐད་ཆ་ཤོད་རེས་བྱེད་པ་བརྒྱུད། ཁེ་ཁྲང་བཟོ་ལས་ཁུལ་སོགས་ལྷོ་བྱང་ཁོ་རེ་ཡའི་བར་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག

ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའི་དྲིལ་བསྒྲགས་དབུ་བཞུགས་ལི་ཀྲེན་ཞོན་གྱིས་ཙུང་ཐུང་ཕེའོ་ཅིང་ཧེ་ཡིས་དེའི་རིང་རྒྱལ་དམངས་ནས་སྲིད་གཞུང་ལ་ཡིད་ཆེས་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཕེའོ་ཅིང་ཧེ་ཡིས་ད་དུང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཕན་ཚུན་ཡིད་ཆེས་ཐད་ལ་ཡང་བསྐྱར་འཕེལ་རིམ་ཐོན་རྒྱུའི་རེ་སྒུག་གནང་བའི་སྣམ་པ་བསྟན་ཡོད་པ་རེད།

བྱང་ཁོ་རེ་ཡའི་མེས་རྒྱལ་ཞི་བས་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས6ཉིན་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་ལ་མིང་རྟགས་བཀོད་པའི་ཉིན་མོ་ཟིན་གྲབས་ཡོད་པའི་སྐབས་འདིར་ལྷོ་བྱང་ཁོ་རེ་ཡའི་སྲིད་གཞུང་བར་གྲོས་མོལ་བྱས་ནས་ཁེ་ཁྲང་བཟོ་ལས་ཁུལ་རྒྱུན་ལྡན་དུ་འགྱུར་རྒྱུ་དང་། ཅིང་ཀང་རི་བོའི་ཡུལ་སྐོར་སླར་གསོ་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག