མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཀླད་པའི་ཞིབ་འཇུག་གི་ལོ10ཡི་འདོད་བློ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རིག་གནས་ཚན་རིག་ལས་ཁུངས་ཀྱིས་སྤྱི་ཟླ6པའི་ཚེས6ཉིན་ཁྱབ་སྒྲོག་བྱས་དོན། ལོ་ངོ10ཡི་དུས་ཚོད་བེད་སྤྱད་དེ་ཞིབ་འཇུག་བྱ་འགུལ་སྤེལ་ནས། བློ་ལྡན་རིགས་སུ་གཏོགས་པའི་སྲོག་ཆགས་ཀྱི་ཀླད་པའི་འགུལ་སྐྱོད་ཀྱི་གནས་ཚུལ་ཆ་ཚང་གསལ་ཁ་འབྱེད་རྩིས་ཡོད་ཟེར།

རིག་གནས་ཚན་རིག་ལས་ཁུངས་ཀྱིས་སྤྲེལ་ཕྲུག་ཞིབ་འཇུག་བྱ་ཡུལ་དུ་བྱས་ཤིང་། སྐུལ་འོད་དང་ཕྲ་མཐོང་ཤེལ་སོགས་འཇར་པན་པ་མཁས་པོ་ཡོད་པའི་ཞིབ་འཇུག་བྱེད་ཐབས་བེད་སྤྱད་དེ་དབྱེ་ཞིབ་བྱེད་རྒྱུ་ཡིན་པ་དང་། ཞིབ་འཇུག་དེའི་དམིགས་ཡུལ་ནི་དབང་རྩ་དང་དབང་རྩའི་ནད་རིགས་ཀྱི་གསོ་བཅོས་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད། ཞིབ་འཇུག་བྱེད་སྐབས་ཀླད་པའི་ནང་གི་དབང་རྩའི་ཕྲ་ཕུང་གི་བྱེད་ནུས་དག་ཀླད་པའི་ས་ཁྲ་ལྟ་བུའི་རྣམ་པར་མཚོན་པར་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་འདོད་བློ་དེ་མངོན་འགྱུར་བྱེད་པར་འཇར་པན་གྱི་སྒོར་མོ་ཐེར་ཆེན་འགའི་འགྲོ་སོང་གཏོང་དགོས་པ་རེད།

མིག་སྔར། རྒྱལ་ཁབ་མང་བོ་ཞིག་གིས་ཀླད་པའི་ཚན་རིག་ཞིབ་འཇུག་སྤེལ་བཞིན་ཡོད་ཅིང་། ནད་རིགས་རེ་འགར་གསོ་བཅོས་བྱེད་པ་ལས་གཞན་དེའི་འབྲེལ་ཡོད་གྲུབ་འབྲས་དག་རྩིས་འཁོར་གྱི་ལག་རྩལ་གསར་བ་གསར་སྤེལ་བྱེད་པའི་ཐད་བཀོལ་བཞིན་ཡོད། ཞིབ་འཇུག་མི་སྣ་དག་གིས་ཀླད་པའི་གནས་གང་རུང་གི་བྱེད་ནུས་གསལ་བོར་ཤེས་སུ་འཇུག་པ་ལས་གཞན། ཀླད་པ་ཧྲིལ་བོ་ཟུང་དུ་སྦྲེལ་ནས་ཞིབ་འཇུག་བྱེད་རྒྱུ་དེའང་གལ་འགངས་ཧ་ཅང་ཆེ་བར་ངེས་ཤེས་སྔར་ལས་ཆེན་པོ་རྙེད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག