མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་རི་ཡཱ་ཡིས་ཀི་ལན་མཐོ་སྒང་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཧྥ་དབྱེ་མན་དང་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཕེན་ཏི་ལེ་ཀི་ཡིས་སྤྱི་ཟླ6པའི་ཚེས6ཉིན་བདེན་དཔང་བྱས་དོན། ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་ཀྱིས་ཀི་ལན་མཐོ་སྒང་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཁྲོད་ཀྱི་ཨོ་སི་ཁྲུ་རི་ཡཱའི་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར།

ཧྥ་དབྱེ་མན་དང་ཧྲི་ཕེན་ཏི་ལེ་ཀི་གཉིས་ཀྱིས་ཉིན་དེར་མཉམ་དུ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཀི་ལན་མཐོ་སྒང་ནས་རང་དབང་གིས་འགུལ་སྐྱོད་བྱེད་ཐབས་མེད་པ་དང་། ཨོ་སི་ཁྲུ་རི་ཡཱའི་དམག་མི་ལ་ཐེབས་པའི་འཇིགས་ཉེན་དེ་དང་ལེན་བྱེད་ཐབས་མེད་པའི་ཚད་དུ་བསླེབ་ཡོད་ཟེར། ཁོ་ཚོས་གསལ་སྒྲོག་ནང་ནན་གྱིས་བསྟན་དོན། ང་ཚོའི་དམག་མིའི་བདེ་འཇགས་ནི་ཨང་དང་པོ་ཡིན་པས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཟེར།

ཨོ་སི་ཁྲུ་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱས་པ་དང་། བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བ་ནི་ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་ཀྱིས་ཆོད་དོན་དེ་སྤེལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག