མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཧྲིག་ཨར་ནས་ཧན་གོ་དང་ཁྲའོ་ཞན་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཀྲང་ལིག་ཅི་ཡིས་སྤྱི་ཟླ6པའི་ཚེས6ཉིན་བྲེལ་མྱུར་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁའེ་ཁྲིན་བཟོ་ལས་ར་བ་དང་ཅིན་ཀང་རི་བོའི་གནས་སྐོར་ལས་གཞི་སོགས་གནད་དོན་ཐག་གཅོད་བྱེད་ཆེད། ཧན་གོའི་ཕྱོགས་ཀྱིས་ཚེས12ཉིན་ཧྲིག་ཨར་ནས་ཧན་གོ་དང་ཁྲའོ་ཞན་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་དངོས་སུ་བཏོན་ཡོད་ཟེར།

ལིག་ཅི་ཡིས་ད་རུང་ཁྲའོ་ཞན་གྱིས་ཚེས7ཉིན་ནས་བཟུང་ཧན་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་གཏུག་ཐབས་ལམ་སླར་གསོ་བྱས་ཏེ། མི་འགྱངས་པར་དངོས་གཉེར་གྲོས་མོལ་བྱེད་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན། ལིག་ཅི་ཡིས་གྲོས་མོལ་གྱི་གྲོས་གཞི་སོགས་གསལ་བོར་མ་གླེང་།

ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་ཚེས6ཉིན། ལྷོ་བྱང་ཐུན་མོང་བསྒྲགས་གཏམ་བཀོད་པའི་རྗེས་དྲན་ཉིན་མོ་ཟླ་དྲུག་པའི་ཚེས15ཉིན་ཐོན་ལ་ཉེ་བའི་སྐབས་སུ་ཁྲའོ་ཞན་དང་ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་གྲོས་མོལ་བྱས་ཏེ། ཁའེ་ཁྲིན་བཟོ་ལས་ར་བའི་རྒྱུན་ལྡན་སླར་གསོ་དང་ཅིན་ཀང་རི་བོའི་གནས་སྐོར་སླར་གསོ་བྱེད་རྒྱུའི་གྲོས་གཞི་བཏོན། གྲོས་མོལ་ལས་ཁ་ཐོར་དུ་སོང་བའི་གཉེན་ཉེ་ངོ་ཐུག་ཏུ་འཇུག་པ་སོགས་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཆོག་པ་དང་། གྲོས་མོལ་བྱེད་ས་དང་དུས་ཚོད་སོགས་ཧན་གོའི་ཕྱོགས་ཀྱིས་ཐག་བཅད་ཆོག་ཟེར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཧན་གོ་རྒྱལ་ཁབ་ཀྱིས་ཁྲའོ་ཞན་གྱིས་བཏོན་པའི་ལྷོ་བྱང་སྲིད་གཞུང་བར་གྲོས་མོལ་བྱེད་པའི་གྲོས་གཞི་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་དེ་ལྷོ་བྱང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཡིན་པར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག