ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་མེ་རི་ཁས་སྤྱི་ཟླ6པའི་ཚེས6ཉིན་འཐབ་ཇུས་བདེ་འཇགས་དང་ཕྱོགས་མང་བོའི་དམག་དཔུང་ཚོད་འཛིན་བྱེད་པའི་གྲོས་མོལ་སྐོར་ཐེངས་དྲུག་པ་པེ་ཅིན་ནས་སྤེལ།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་པ་དང་། ས་ཁུལ་གྱི་གནད་དོན་གཙོ་བོ། ཕྱོགས་མང་བོའི་དམག་དཔུང་ཚོད་འཛིན་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་མུ་མཐུད་དུ་གྲོས་མོལ་དང་མཉམ་ལས་བྱས་ཏེ། འཐབ་ཇུས་བདེ་འཇགས་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས། མཉམ་དུ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་པར་འཐད་པ་བྱུང་། །