མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་སྐབས་ཉེར་གསུམ་པ་ཅི་ལུང་ཕའོ་ནས་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-07 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་སྐབས་ཉེར་གསུམ་པ་སྤྱི་ཟླ6པའི་ཚེས6ཉིན་མཱ་ལེ་ཞི་ཡཱའི་རྒྱལ་ས་ཅི་ལུང་ཕའོ་ནས་ཚོགས་མགོ་བརྩམས། སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་བུད་མེད་ཀྱིས་གསར་དར་དཔལ་འབྱོར་གསར་སྐྲུན་བྱེད་རྒྱུ་དེ་ཡིན།

སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ནི་ཉིན་གསུམ་ཡིན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ། ཕོ་ལན། ཧན་གོ། ཨ་ཧྥེ་རི་ཁ་ལྷོ་མ། མཱ་ལེ་ཞི་ཡཱ་སོགས་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་གི་བུད་མེད་གཙོ་འཛིན་དང་བུད་མེད་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས།

མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། བུད་མེད་ནི་དེང་རབས་སྤྱི་ཚོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། བུད་མེད་ལ་རང་སྟེང་གི་རིན་ཐང་མངོན་འགྱུར་བྱེད་པའི་ནུས་པ་ཆེན་པོ་ལྡན་པ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་སྟོབས་ཤུགས་འདོན་བཞིན་ཡོད་ཟེར།

འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨེ་ལིན་ནཱ་ཐིས་ཝེ་ཏཱ་ཡིས་བཤད་རྒྱུར། བུད་མེད་ནི་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྔར་ལས་མང་བོའི་བུད་མེད་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་ཞུགས་པ་དང་བསྟུན་ནས། བུད་མེད་དེ་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ཁོ་མོས་བསྟན་དོན། འཛམ་གླིང་བུད་མེད་མཐོ་རིམ་གྲོས་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་བུད་མེད་དག་གིས་འདྲ་མཉམ་གྱི་ཁེ་ཕན་བརྩོན་ལེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་པར་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཀྲུང་གོའི་བུད་མེད་ཁེ་ལས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུང་ཅང་བུན་གྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིར་ཀྲུང་གོས་འཐུས་མི་དོན་གསུམ་གྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཞིག་མངག་གཏོང་བྱས་ཡོད་པ་དང་། གྲོས་ཚོགས་དེར་ཞུགས་པའི་འཐུས་ཚབ་ཚོགས་པ་ཆེན་པོ་གཉིས་པ་རེད། ཁོ་མོ་ཚོས་དཔལ་འབྱོར་དང་སློབ་གསོ། བུད་མེད་ཀྱི་ཁེ་དབང་སོགས་ཁྱབ་ཁོངས་མང་བོ་ནས་འཐུས་མི་གཞན་པའི་བར་བརྗེ་རེས་ཟབ་མོ་བྱེད་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག