མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་སི་རི་ཡའི་དུས་བབ་རྒྱ་ཡན་དུ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་སྲུང་ཐོག་ཁང་གི་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས3ཉིན། ཨ་རི་སྲིད་གཞུང་ནས་ཅོར་དན་ལ་རྒྱལ་གཅེས་པའི་མེ་ཤུགས་འཕུར་མདེལ་འགོག་སྲུང་མ་ལག དེ་བཞིནf16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་མཁོ་འདོན་བྱེད་རྒྱུ་དང་འདི་ཟླའི་ནང་ཅོར་དན་དུ་བྱེད་རྒྱུའི་རྒྱལ་ཁབ་མང་པོའི་དམག་དོན་ནང་སྦྱོང་ལ་ཞུགས་རྒྱུ་རེད་ཅེས་གསུངས།

མིག་སྔར། ཅོར་དན་དུ་ཨ་རིའི་དམག་མི200བཅའ་སྡོད་བྱས་ཡོད་པ་དང་ཐུར་ཁིར་དམག་མི400རྒྱུན་སྡོད་བྱས་ཡོད་པ་རེད། གཟའ་འཁོར་གོང་མར་སི་རི་ཡར་སྐྱོད་ནས་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་ཨ་རིའི་གྲོས་ཚོགས་སྡོད་པའི་གྲོས་མི་སྨད་ཁེའི་ཨེན་གྱིས་དེའི་གོང་ལ་ཅོར་དན་སྐབས་དོན་ཚགས་པར་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཨ་རི་སྲིད་གཞུང་གིས་ཅོར་དན་ལ་མཚོན་ཆ་མཁོ་འདོན་བྱེད་པ་ནི་ས་ཁུལ་དེར་གྲ་སྒྲིག་ཁུལ་བཀོད་སྒྲིག་བྱེད་པའི་གོམ་པ་དང་པོ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག