མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོང་གོལ་རྒྱལ་ཁབ་ཀྱིས་འབག་བཙོག་མེད་པའི་དཔལ་འབྱོར་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ལས་ཁུངས་དང་མོང་གོལ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་འཛམ་གླིང་ཁོར་ཡུག་ཉིན་མོར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཟླ6པའི་ཚེས5ཉིན་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་པ་ཐོར་འཚོག་པ་དང་གྲོས་ཚོགས་ཀྱིས་འབག་བཙོག་བྱེད་པའི་དཔལ་འབྱོར་དང་འབག་བཙོག་མེད་པའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་ནི་གྲོན་ཆུང་བསྲི་ཚགས་དང་ཁྱེད་ཀྱི་འབྲུ་རིགས་འཕྲོག་བརླག་གཏོང་རྒྱུ་ཉུང་དུ་གཏོང་དགོས་ཞེས་པ་དེ་ཡིན་པ་རེད། ཀྲུང་གོ་དང་ལྷོ་ཁོ་རེ་ཡ། ལྗར་པན་སོགས་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པ་གྲོས་ཚོགས་ལ་ཞུགས་ཡོད་པ་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལ་ཐན་ཧུའུ་ཡ་གེས་ཚོགས་འདུའི་ཐོག མོང་གོལ་རྒྱལ་ཁབ་ཀྱིས་འབག་བཙོག་མེད་པའི་དཔལ་འབྱོར་དང་འབག་བཙོག་མེད་པའི་གོང་འཕེལ་གཏོང་རྒྱུ་དེ་དམིགས་འབེན་ཨང་དང་པོར་བཞག་ཡོད་པ་དང་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་འབག་བཙོག་ཅན་ནས་འབག་བཙོག་མེད་པར་འགྱུར་རྒྱུ་དེ་རེད་ཅེས་གསུངས་འདུག

མོང་གོལ་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་དང་ཆུའི་ཐོན་ཁུངས་སོགས་ཁོར་ཡུག་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུའི་སེམས་ཐག་བཅད་ནས་འབག་བཙོག་མེད་པའི་དཔལ་འབྱོར་གྱི་གོང་འཕེལ་བྱེད་ཕྱོགས་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག