མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཁོ་རེ་ཡས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བཅའ་ཁྲིམས་བཟོས་ནས་ཕྱི་རྒྱལ་གྱིས་མ་འཇོག་བྱེད་རྒྱུར་དགའ་བསུ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བྱང་ཁོ་རེ་ཡས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བཅའ་ཁྲིམས་བཟོས་ནས་ཕྱི་རྒྱལ་གྱི་ཀུང་སི་དང་མི་སྒེར་ནས་བྱང་ཁོ་རེ་ཡར་མ་འཇོག་བྱེད་རྒྱུར་དགའ་བསུ་ཞུས་ཡོད་པ་རེད།

གནས་ཚུལ་སྤེལ་བའི་ནང་། བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་བཀོད་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ5བའི་ཚེས29ཉིན་སྲིད་འཛིན་བཀའ་རྒྱ་བཀྲམ་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བཅའ་ཁྲིམས་འདོན་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཕྱི་རྒྱལ་གྱི་ཀུང་སི་དང་མི་སྒེར། དཔལ་འབྱོར་ཚོགས་པ། ཕྱི་རྒྱལ་དུ་ཡོད་པའི་བྱང་ཁོ་རེ་ཡ་བ་བཅས་ཀྱིས་གསར་སྤེལ་ཁུལ་ལ་མ་འཇོག་བྱེད་པ་དང་ཀུང་སི་དང་།ཡན་ལག་ཀུང་སི་དང་དོན་གཅོད་ཁྲུའུ་བཅས་འཛུགས་ཆོག་པ་མ་ཟད་རང་མོས་ཀྱིས་དཔལ་འབྱོར་བྱེད་སྒོ་སྤེལ་ཆོག་གི་ཡོད་པ་རེད། བྱང་ཁོ་རེ་ཡས་ས་ཞིང་བེད་སྤྱོད་གཏོང་བ་དང་མི་སྣ་གླ་སྤྱོད། ཁྲལ་འཇལ་བཅས་ཀྱི་ཐད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པས་མ་འཇོག་བྱེད་མཁན་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་དབང་དང་རྒྱུ་ནོར། ཁྲིམས་མཐུན་ཡོང་བབ་བཅས་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཐོབ་རྒྱུ་རེད་ཅེས་འཁོད་འདུག

ཡིན་ནའང་གནས་ཚུལ་སྤེལ་བའི་ནང་། དཔལ་འབྱོར་གསར་སྤེལ་ཁུལ་བཅའ་ཁྲིམས་དེ་ལོ་ཤན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧོང་ཅིང་ཕིང་། ཝེ་ཧྭ་དའོ་དཔལ་འབྱོར་དམིགས་བསལ་ཁུལ། ཁེའི་ཁྲེང་བཟོ་ལས་ཁུལ། ཅིང་ཀང་ཧྲན་རྒྱལ་སྤྱིའི་ཡུལ་བསྐོར་དམིགས་བསལ་ཁུལ་བཅས་ལ་ལག་བསྟར་བྱེད་རྒྱུ་མིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག