མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཁོ་རི་ཡས་ཁེ་ཁྲེང་བཟོ་ལས་ཁུལ་དང་ཅིན་ཀང་རི་བོའི་ཡུལ་སྐོར་སླར་གསོ་བྱེད་རྒྱུའི་གྲོས་འགོ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཁོ་རི་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤྱི་ཟླ6པའི་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རི་ཡའི་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་འགྲིན་ཚབ་པས་ཉིན་དེར་དམིགས་བསལ་གསུང་བཤད་གནང་སྟེ། ལྷོ་བྱང་ཁོ་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་སྐད་ཆ་ཤོད་རེས་བྱས་ཏེ་ཁེ་ཁྲེང་བཟོ་ལས་ཁུལ་དང་ཅིན་ཀང་རི་བོའི་ཡུལ་སྐོར་རྣམ་གྲངས་སླར་གསོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

མགྲིན་ཚབ་པས་གསུང་བཤད་གནང་སྐབས། བྱང་ཁོ་རི་ཡས་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་ལ་མིང་རྟགས་བཀོད་པའི་དྲན་གསོའི་ཉིན་མོ་སྤྱི་ཟླ6པའི་ཚེས15ཉིན་སླེབས་ཉེར་ཡོད་པའི་མཚམས་དེར། ལྷོ་བྱང་ཁོ་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་གྲོས་མོལ་བྱེད་རྒྱུའི་གྲོས་འགོ་བཏོན་སྟེ། ཁེ་ཁྲེང་བཟོ་ལས་ཁུལ་རྒྱུན་གཏན་ཅན་དུ་བསྒྱུར་རྒྱུ་དང་། ཅིན་ཀང་རི་བོའི་ཡུལ་སྐོར་སླར་གསོ་ཐུབ་ཐབས་བྱེད་ཀྱི་ཡོད། གྲོས་མོལ་བྱེད་སྐབས་ཁྱིམ་གཞིས་ཁ་ཐོར་དུ་སོང་བའི་སྤུན་ཉེ་ཐུག་འཕྲད་སོགས་ཀྱི་མི་ཆོས་རིག་གནས་ཀྱི་གནད་དོན་དང་། གྲོས་མོལ་བྱེད་ས་དང་གྲོས་མོལ་བྱེད་པའི་དུས་ཚོད་ལྷོ་ཁོ་རི་ཡའི་ཕྱོགས་ནས་གཏན་འཁེལ་བྱས་ཆོག་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག