མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་བྲུབ་ཆུ་རྒྱས་པའི་གནོད་འཚེ་སྔར་བཞིན་ཚབས་ཆེན་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-07 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་ཤར་རྒྱུད་ཀྱི་ས་ཁེ་སེན་མངའ་སྡེ་དང་ས་ཁེ་སེན་ཨན་ཧར་ཐེ་མངའ་སྡེའི་བྲུབ་ཆུ་རྒྱས་པའི་གནོད་འཚེ་སྤྱི་ཟླ6པའི་ཚེས5ཉིན་སླེབས་སྐབས་ཀྱང་སྔར་བཞིན་ཚབས་ཆེན་པོ་ཡོད་པ་རེད། ཡིད་པེ་ཧོ་ཆུ་བོ་དང་། ས་ལེ་ཧོ་ཆུ་བོའི་ཆུ་ཁ་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པས། དེ་ལེ་སི་ཏུན་དང་། ཧ་ལེ་སོགས་གྲོང་ཁྱེར་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་པ་རེད།

དེ་མིན། ཡིད་པེ་ཧོ་ཆུ་བོའི་སྨད་རྒྱུད་དུ་གནས་པའི་ས་ཁེ་སེན་མངའ་སྡེར་སླད་ཕྱིན་ཉིན་ཤས་ནང་ལོ་རྒྱུས་ཐོག་གི་བྲུབ་ཆུ་རྒྱས་ཤུགས་ཆེ་ཤོས་ཀྱི་གནོད་འཚེ་ཐོན་རྒྱུ་ཡིན་པ་རེད།

གཟའ་འཁོར་གོང་མའི་གཟའ་མཇུག་ནས་བཟུང་། འཇར་མན་གྱིས་མེ་ཟོན་སྔོན་འགོག་རུ་མི་ཁྲི4སྒྲིག་འཛུགས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་བསྒྲུབས་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་དམག་གི་དམག་མི4600ཙམ་གྱིས་ཆུ་རགས་བརྟན་དུ་གཏོང་བ་དང་། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་བྱ་སྤྱོད་ནང་ཞུགས་ཡོད་པ་རེད། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་ཟླ6པའི་ཚེས4ཉིན་ལྷོ་རྒྱུད་དང་ཤར་རྒྱུད་ཀྱི་གནོད་འཚེ་ཕོག་ཁུལ་ལ་གཟིགས་པ་མ་ཟད། གནོད་འཚེ་ཕོག་ཁུལ་ལ་ཡོ་རོབ་དངུལ་སྒོར་དུང་ཕྱུར་ཁ་ཤས་ཀྱི་ཛ་དྲག་རོགས་སྐྱོབ་མཁོ་འདོན་བྱེད་རྒྱུའི་ཁས་ལེན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག