མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་མན་འབྲེལ་གྱིས་ཆབ་སྲིད་ཐབས་ལམ་ནི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་གདམ་གསེས་ཉག་ཅིག་ཡིན་པ་བསྐྱར་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཚེས5ཉིན་ཁའེ་རོ་རུ་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་སི་རི་ཡཱའི་གནད་དོན་གྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཆབ་སྲིད་ཐབས་ལམ་ནི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་གདམ་གསེས་ཉག་ཅིག་ཡིན་པ་བསྐྱར་སྒྲོག་བྱས་པ་དང་། སི་རི་ཡཱ་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་སྲིད་འཛིན་དབང་ཆ་ལྡན་པའི་བར་བརྒལ་སྲིད་གཞུང་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་བྲེལ་མྱུར་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་སྟེང་ཚོགས་ཞུགས་འཐུས་མི་ཚོས་སི་རི་ཡཱའི་གནས་བབ་ཀྱི་གནས་ཚུལ་གསར་བ་དང་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གནས་ཚུལ་ལ་གྲོས་བསྡུར་བྱས་པ་དང་། གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་ཉིན་དེའི་གྲོས་ཚོགས་ལ་ཞུགས།

ཕྱི་འབྲེལ་བློན་ཆེན་དག་གིས་གསལ་སྒྲོག་ནང་སི་རི་ཡཱ་ནས་བྱུང་བའི་དམག་དོན་འཁྲུག་རྩོད་ལ་ཐེ་གཏོགས་བྱེད་པའི་ཚུལ་བསྟན་པ་དང་། རྣམ་པ་གང་རུང་གི་ཕྱིའི་ཐེ་གཏོགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཁྱད་པར་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་སི་རི་ཡཱའི་གནས་བབ་ཁྲོད་ཞུགས་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཉིན་དེར་བསྟན་དོན། གལ་ཏེ་དྲག་ཤུགས་མུ་མཐུད་དུ་རྒྱུན་བསྲིངས་ན། སི་རི་ཡཱའི་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ཟེར།

མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རི་ནེ་ཝ་ཡི་གྲོས་ཚོགས་ཐེངས་གཉིས་པའི་ཐད་ནས་ཨ་ལཱ་པུས་ཀྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་དེ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་ཕན་པ་ཡོད་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་ཟེར། ཨ་ལཱ་པུས་ཀྱིས་བཤད་རྒྱུར། །ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཟླ་འདིའི་ཟླ་མཇུག་ལ་གྲོས་ཚོགས་བསྡུས་ཏེ། རི་ནེ་ཝ་ཡི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག