མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་དང་རོ་མཱ་ནི་ཡཱའི་ཙུང་ལི་ཡིས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས5ཉིན་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་རོ་མཱ་ནི་ཡཱའི་ཙུང་ལི་ཕིན་ཐཱ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ནུས་ཁུངས་སྲིད་ཇུས་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ། གཡའ་རྡོའི་སོལ་རླངས་གསར་སྤེལ། དེ་མིན་དམག་དོན་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས།

ཐུའུ་སི་ཁི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱིས་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བཟང་བོ་བྱས་པ་དང་། ཕོ་ལན་དང་རོ་མཱ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་མཉམ་ལས་ཀྱི་དཔེ་སྟོན་དུ་གྱུར་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་བྱས་ཡོད་ལ། དེའི་ནང་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ནི་ཆུ་ཚད་ལས་བརྒལ་བའི་མཉམ་ལས་ཡིན། རྒྱལ་ཁབ་གཉི་གས་ནུས་ཁུངས་མཁོ་འདོན་སྣ་མང་ཅན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ནུས་ཁུངས་དང་ནམ་ཟླའི་འགྱུར་ལྡོག གཡའ་རྡོའི་སོལ་རླངས་གསར་སྤེལ་སོགས་ཐད་དུ་གཅིག་མཐུན་གྱི་ལངས་ཕྱོགས་བཟུང་ཡོད་ཟེར།

ཕིན་ཐཱ་ཡིས་ཕོ་ལན་གྱི་དཔལ་འབྱོར་དང་ཆབ་སྲིད་འཕེལ་སྟངས་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱིས་ཕོ་ལན་རྒྱལ་ཁབ་དེ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་གྲོགས་པོར་རྩིས་ཡོད་པ་དང་། ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ས་ཁུལ་རང་དུ་བཏོན་པའི་ནུས་པར་ཁས་ལེན་བྱེད་བཞིན་ཡོད། ཁོས་བལྟས་ན། རོ་མཱ་ནི་ཡཱ་དང་ཕོ་ལན་ཕྱོགས་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་ཐད་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་ལ། ཕོ་ལན་གྱི་ཉམས་མྱོང་བཟང་བོ་གང་མང་ཞིག་ལ་རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་དགོས་པར་འདོད། ཁོས་ད་རུང་ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཁྲོད་དུས་ཡུན་རིང་བོའི་སྔོན་རྩིས་གྲོས་མོལ་ཐད་ནས་རོ་མཱ་ནི་ཡཱ་དང་མཉམ་ལས་བྱས་པར་བཀའ་དྲིན་ཞུས།

འཚམས་འདྲི་བྱེད་སྐབས་ཕོ་ལན་དང་རོ་མཱ་ནི་ཡཱ་ཕྱོགས་གཉིས་ཀྱི་རྒྱལ་སྲུང་པུའུ་ཀྲང་གིས་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་གྲོས་མཐུན་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག