མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་རིགས་བར་གྱི་གྲོས་མོལ་སྐོར་ཐེངས་བཞི་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:00

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་དཔོན་རིགས་བར་གྱི་གྲོས་མོལ་སྐོར་ཐེངས4བ་ཟླ6པའི་ཚེས4ཉིན་ནས་ཚེས5ཉིན་བར་པེ་ཅིན་ནས་བསྡུས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ལས་གྲོགས་པོའི་འབྲེལ་བའི་མདུན་ལྗོངས་དང་། དེང་སྐབས་ཀྱི་ཀྲུང་གོ་དང་ཨ་མེ་རི་ཁའི་ཉོ་ཚོང་། དངུལ་གཏོང་སྲིད་ཇུས། ཕྱོགས་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་། ཀྲུང་གོ་དང་ཨ་མེ་རི་ཁའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་གྲོས་གཞི་ལ་དམིགས་ཏེ་ལྷག་བསམ་རྣམ་དག་གིས་རྗེས་རེས་དང་གྲོས་བསྡུར་ཟབ་མོ་བྱས་པར་མ་ཟད། སྲིད་ཇུས་དང་གྲོས་གཞི་རབས་དང་རིམ་པ་བཏོན། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་ལས་འཛིན་པ་ཙུན་ཕའེ་ཡན་དང་ཨ་མེ་རི་ཁའི་རྒྱལ་ཡོངས་ཚོང་ཚོགས་ཀྱི་ཚོགས་གཙོ་ཏའོ་ནོའུ་ཧའོ། དེ་མིན་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་མགོ་གཙོ་དང་། སྲིད་གཞུང་གི་སྔོན་ཆད་ཀྱི་དཔོན་རིགས། དེ་མིན་མཁས་པའི་འཐུས་མི་བཅས་གྲོས་མོལ་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག