མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་བཅའ་ཁྲིམས་ལ་གྲོས་མཐུན་བཀོད་དེ་ཕྱི་དངུལ་ནང་འགུག་བྱེད་འདོད་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:00

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ5བའི་ཚེས29ཉིན་སྲིད་གཞུང་བཀའ་རྒྱ་བཏང་སྟེ། དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་བཅའ་ཁྲིམས་ལ་གྲོས་མཆན་བཀོད། བཅའ་ཁྲིམས་དེ་ལས་ཁྲའོ་ཞན་གྱིས་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་འཛུགས་སྐྲུན་དང་གསར་སྤེལ། དོ་དམ་བཅས་ཀྱི་རྩ་དོན་ཞིབ་རྒྱས་གཏན་འབེབས་བྱས་ཡོད་པར་མ་ཟད། ཕྱི་རྒྱལ་གྱི་ཁྲིམས་མི་སོགས་ཀྱིས་དཔལ་འབྱོར་གསར་སྤེལ་ས་ཁུལ་དུ་མ་དངུལ་གཏོང་བ་དང་། ཁེ་ལས་དང་ཡན་ལག་ལས་ཁུངས། དོན་གཅོད་ཁང་སོགས་བཙུགས་ཆོག་ལ། རང་དབང་གིས་དཔལ་འབྱོར་བྱ་འགུལ་སྤེལ་ཆོག དེའི་ཐད་ཁྲའོ་ཞན་གྱིས་ད་རུང་གཟིགས་སྐྱོང་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཁེ་ལས་པས་ལོ་ཧྲིན་དཔལ་འབྱོར་ཉོ་ཚོང་ས་ཁུལ་དུ་དཔལ་འབྱོར་བྱ་འགུལ་སྤེལ་ཏེ། དངུལ་གཏོང་ཚོང་བ་མང་བོས་ས་ཁུལ་དེར་རེ་བ་ཆེན་པོ་བཅངས་ཡོད་པར་མ་ཟད་མ་དངུལ་གཏོང་འདོད་ཡོད་པའི་ཚུལ་བསྟན་ཡོད་ཟེར། དབྱེ་ཞིབ་མི་སྣས་བལྟས་ན། ཁྲའོ་ཞན་གྱིས་ས་ཁུལ་དེར་དྲིལ་སྒྲོག་བྱེད་པ་ནི་ས་ཁུལ་དེའི་དངུལ་གཏོང་ནང་འགུག་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བརྩོན་ལེན་བྱེད་པའི་ཆེད་དུ་ཡིན་པར་འདོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག