མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སེར་ཝེ་ཡཱའི་ཙུང་ལི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཆེད་དུ་ཁི་སོ་བོའི་རང་བཙན་ཁས་ལེན་བྱེད་མི་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-06 11:00

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་ཙུང་ལི་ཏཱ་ཆི་ཆི་ཡིས་ཚེས5ཉིན་བསྟན་དོན། སེར་ཝེ་ཡཱའི་སྲིད་གཞུང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཆེད་དུ་ཁི་སོ་བོའི་རང་བཙན་ཁས་ལེན་བྱེད་མི་སྲིད་ཟེར།

ཏཱ་ཆི་ཆི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རེ་བ་བྱེད་བཞིན་ཡོད་པའི་ཞོར་དུ་ཁི་སོ་བོའི་རང་བཙན་ཁས་ལེན་བྱེད་བཞིན་ཡོད། ཡིན་ཡང་དེ་ནི་པུའུ་ལུའུ་སེར་གྱི་དཔོན་ཕྱོགས་མ་ཡིན་པའི་ཚོགས་པ་གཞན་གྱི་ལངས་ཕྱོགས་ཡིན་ཟེར། ཁོས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ལྔ་ཡིས་ཁི་སོ་བོའི་རང་བཙན་ཁས་ལེན་བྱས་མེད་ཟེར།

སེར་ཝེ་ཡཱའི་ཙུང་ལི་ཡིས་ད་རུང་བཤད་རྒྱུར། པེར་ཀི་ལེ་ཏི་དང་ཕུའུ་ལི་ཧྲི་ཏིས་ནཱ་ཡིས་ཅང་མ་འགོར་བའི་སྔོན་བཀོད་པའི་ཆིངས་ཡིག་ནི་རྒྱལ་སྤྱིའི་ཆིངས་ཡིག་མིན་པ་དང་། ཁི་སོ་བོ་ཡི་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཆེད་ཙམ་ཡིན། སེར་ཝེ་ཡཱ་ཡིས་མུ་མཐུད་དུ་ཁི་སོ་བོའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ་འབྲེལ་བ་རྒྱུན་ལྡན་དུ་གཏོང་རྩིས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག