མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་རན་བར་གྱི་དབྱེ་འབྱེད་གྲོས་མོལ་ལ་ད་བར་འགག་གཏོར་བྱུང་མེད་ཅེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-05 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་ཡེ་ཀྲེ་མིས་སྤྱི་ཟླ6པའི་ཚེས3ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་རན་བར་གྱི་རྡུལ་ཉིང་སྐོར་གྱི་དབྱེ་འབྱེད་གྲོས་མོལ་ལ་ད་བར་འགག་གཏོར་བྱུང་མེད་ཅེས་གསུངས།

ཐན་ཡེ་ཀྲེ་མིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་འགོ་ཚུགས་གཏམ་བཤད་ནང་། འབྲེལ་ཡོད་དབྱི་རན་གྱི་རྡུལ་ཉིང་གནད་དོན་ཐག་གཅོད་བྱེད་རྒྱུའི་དབྱེ་འབྱེད་གྲོས་མོལ་ཉེ་དུས་རིང་འཕེལ་མེད་་རང་སོར་ལུས་པ་ཁས་ལེན་བྱས་ཡོད། ཁོང་གིས། འདས་ཟིན་པའི་ལོ་གཅིག་དང་ལོ་ཕྱེད་ཀྱི་དུས་ཚོད་ནང་། དབྱི་རན་གྱི་རྡུལ་ཉིང་སྒྲིག་ཆས་རྩད་ཞིབ་བྱེད་རྒྱུའི་གནད་དོན་ལ་དམིགས་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་རན་བར་དབྱེ་འབྱེད་གྲོས་མོལ་ཐེངས་བཅུ་བྱས་ཡོད། འོན་ཀྱང་ཚང་མར་གྲུབ་འབྲས་ཐོབ་མེད་ཅེས་གསུངས་པ་དང་། ཁོང་གིས་ད་དུང་དབྱི་རན་ཕྱོགས་ཀྱིས་སྒོ་དབྱེའི་རྣམ་འགྱུར་འཛིན་ཏེ། ཕྱི་ཕྱོགས་ནས་དབྱི་རན་གྱིས་རྡུལ་ཉིང་སྒྲིག་ཆས་དམག་དོན་ཐད་གཅོད་བཟོ་ཡོད་པའི་སེམས་ཕྲལ་བྱེད་པར་དོགས་སེལ་བྱེད་རོགས་བྱེད་རྒྱུའི་རེ་འབོད་བྱས་ཡོད། ཐན་ཡེ་ཀྲེ་མིས། འཕྲལ་དུ་འཕེལ་རིམ་དངོས་ཐོན་པ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བསྐྱར་དུ་དབྱི་རན་རྡུལ་ཉིང་འཆར་འགོད་ཀྱི་ཞི་བའི་ངོ་བོར་ཡིད་ཆེས་བྱེད་དུ་བཅུག་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཡིན་ཞེས་ནན་བཏོན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག