མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་དབྱི་ལིང་གི་དངུལ་ལོར་དང་རླངས་འཁོར་ལས་རིགས་ལ་བཀག་སྡོམ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ6པའི་ཚེས3ཉིན་དབྱི་ལིང་གི་དངུལ་ལོར་དང་རླངས་འཁོར་ལས་རིགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་ཆོག་མཆན་བཀོད།

ཨོ་པཱ་མཱ་ཡིས་གསར་དུ་བཀོད་པའི་ཙུང་ཐུང་བཀའ་རྒྱ་ལྟར་ན། ཨ་མེ་རི་ཁས་དབྱི་ལིང་གི་དངུལ་ལོར་ཉོ་ཚོང་བྱེད་པའི་ཕྱི་རྒྱལ་གྱི་དངུལ་ལོར་ལས་ཁུངས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་དབྱི་ལིང་གི་དངུལ་ལོར་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། 2012ལོའི་ཚུན་ལ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་ལས་དབྱི་ལིང་གི་དངུལ་ལོར་རིན་ཐང་ཕྱེད་ཙམ་མར་ཆག་ཡོད།

དེ་ལས་གཞན་ཨོ་པཱ་མཱ་ཡིས་ད་རུང་དབྱི་ལིང་གི་རླངས་འཁོར་ལས་རིགས་ལ་བཀག་སྡོམ་བྱེད་ཐབས་སྤྱད་དེ། དབྱི་ལིང་ལ་རླངས་འཁོར་ཆེ་ཆུང་གང་རུང་གི་ཐོན་སྐྱེད་དང་སྒྲིག་སྦྱོར་ཐད་བཀོལ་བའི་ཐོན་རྫས་དང་ཞབས་ཞུ་ཕྱིར་འཚོང་བྱེད་པར་གཏན་འགོག་བྱེད་རྒྱུའི་བཀའ་རྒྱ་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག