མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཙུང་ཐུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཡིས་སྤྱི་ཟླ6པའི་ཚེས3ཉིན་གྱི་ཕྱི་དྲོར་ཁའེ་རོ་ནས་རྒྱལ་ཡོངས་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ཕྱོགས་ཁག་སོ་སོ་དང་མཉམ་དུ་ཨེ་ཙེ་ཨོ་ཕུ་ཡཱའི་བསྐྱར་དར་ཆུ་རགས་ཆེན་མོའི་ཕྱོགས་གསུམ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་སྙན་ཞུ་ལ་གྲོས་བསྡུར་བྱས། ཁོས་ནན་གྱིས་བསྟན་དོན། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

མུའུ་ཞི་ཨར་གྱིས་བཤད་རྒྱུར། བསྐྱར་དར་ཆུ་རགས་ཆེན་མོ་འཛུགས་སྐྲུན་བྱས་ན་ཨེ་ཅིབ་ཀྱི་ནཱ་སེར་མཚོ་ལ་གནོད་པ་ཐེབས་སྲིད་པ་དང་། ཨ་སི་བང་ཆུ་གློག་ས་ཚིགས་ཀྱི་གློག་འདོན་ཚད18%ཇེ་དམའ་རུ་འགྲོ་སྲིད། དེ་ལས་གཞན་ཨེ་ཅིབ་ཀྱི་དཔལ་འབྱོར་དང་ཞིང་ལས། ཁོར་ཡུག་བཅས་ལའང་ཤུགས་རྐྱེན་ཐེབས་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག