མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་འཇར་སྒོར་ཁྲག་ཁྲིག་ཆེན་མོ3དང་ཁྲག་ཁྲིག2བཏང་སྟེ་ཨ་ཧྥེ་རི་ཁ་གླིང་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་ལས་ཁུངས་དང་འཇར་པན་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཨ་ཧྥེ་རི་ཁ་གླིང་གི་གསར་སྤེལ་གྲོས་ཚོགས་སྐབས་ལྔ་བ་སྤྱི་ཟླ6པའི་ཚེས3ཉིན་འཇར་པན་གྱི་ཧིན་པེན་གྲོང་ཁྱེར་ནས་གྲོལ། ཚོགས་ཡུན་ཉིན3གྱི་གྲོས་ཚོགས་ནས་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དམངས་ཁྲོད་དངུལ་གཏོང་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བར་དམིགས་པའི་ཧིན་པེན་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བར་མ་ཟད། ཕྱིན་ཆད་ཀྱི་ལོ5ཡི་ནང་འཇར་པན་གྱིས་ཨ་ཧྥེ་རི་ཁ་གླིང་ལ་རོགས་སྐྱོར་བྱེད་པའི་ནང་དོན་གཏན་འཁེལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ཞིག་ཕྱོགས་བསྡོམས་བྱས།

ཨ་ཧྥེ་རི་ཁ་གླིང་གི་གསར་སྤེལ་གྲོས་ཚོགས་སྐབས་ལྔ་བའི་སྐབས་སུ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ39དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི51འབྲེལ་ཡོད་གྲོས་ཚོགས་ལ་ཞུགས། ཐེངས་འདིའི་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཧིན་པེན་བསྒྲགས་གཏམ་ནང་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་དགོས་པ་དང་། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་སྔོན་འགྲོའི་ཆ་རྐྱེན་བཟང་བོ་བསྐྲུན་ཏེ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དམངས་ཁྲོད་དངུལ་གཏོང་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག