མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གིས་རྫས་འགྱུར་མཚོན་ཆ་ཇུས་འགོད་བྱེད་མཁན་རྟེན་གཞིའི་སྒྲིག་འཛུགས་ཀྱི་ཚོགས་པ་ཞིག་རྩད་གཅོད་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་སྲུང་པུས་སྤྱི་ཟླ6པའི་ཚེས1ཉིན། དབྱི་རག་དམག་དོན་གསང་འཕྲིན་ཚན་པས་ཉེ་ཆར་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་ཇུས་འགོད་བྱེད་བཞིན་པའི་རྟེན་གཞིའི་སྒྲིག་འཛུགས་ཚོགས་པ་ཞིག་རྩད་གཅོད་ཐུབ་པ་མ་ཟད་རྫས་འགྱུར་དུག་རླངས་བཟོ་ས་གསུམ་རྩ་མེད་བཏང་ཡོད་ཅེས་བཤད་ཡོད་པ་རེད།

དབྱི་རག་རྒྱལ་སྲུང་པུའི་མགྲིན་ཚབ་པ་ཨ་སེ་ག་ལིས། ཚོགས་པ་དེའི་ཁོང་མི5འཛིན་བཟུང་མ་བྱས་གོང་དབྱི་རག་དམག་དོན་གསང་འཕྲིན་ཚན་པས་ཚོགས་པ་དེར་དུས་ཡུན་ཟླ་བ་གསུམ་གྱི་ལྟ་ཞིབ་བྱས་ཡོད། ཚོགས་པ་དེས་དབྱི་རག་རྒྱལ་ནང་དུ་ཧྲ་ལིན་དང་ཅད་ཙེ་རླངས་སོགས་རྫས་འགྱུར་དུག་རླངས་བཟོ་ས3བཙུགས་ཡོད་པ་དང་། དེའི་ནང་ནས་གཉིས་རྒྱལ་ས་པ་ཀ་ཏར་གནས་ཡོད་ཅེས་བཤད་ཡོད་པ་རེད། ཉེ་ཆར་དབྱི་རག་དུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཡང་སེ་ཐོན་པ་དང་། ཆོས་ལུགས་གྲུབ་མཐའི་བར་གྱི་གདོང་ཐུག་ཚབས་ཆེ་རུ་འགྲོ་བ། རྟེན་གཞིའི་སྒྲིག་འཛུགས་སོགས་ཐལ་སྐྱོད་དྲག་ཆས་ཚོགས་པ་ཁ་ཤས་ཀྱི་བྱེད་སྒོ་ཡང་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་པས། རྒྱལ་ཁབ་ཡོངས་ཀྱི་བདེ་འཇགས་དུས་བབ་ལེགས་པོ་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག