མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁའི་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་སྤྱི་ཟླ6པའི་ཚེས2ཉིན་ཕྱི་འབྲེལ་བློན་ཆེན་ཀྲུའུ་པཱ་བརྒྱུད་དེ་ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁའི་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་གྲོས་གཞི་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

ཉིན་དེར་ཀྲུའུ་པཱ་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱས་པ་དང་། འཚམས་འདྲི་བྱེད་སྐབས་ཁོས་པཱ་ལེ་སི་སཐན་གྱི་ཙུང་ཐུང་ཨ་པཱ་སི་ལ་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡི་ངག་འཕྲིན་བརྒྱུད་སྒྲོག་བྱས། ངག་འཕྲིན་ནང་བཤད་རྒྱུར། མཚམས་བཞག་ནས་ལོ་ངོ་གསུམ་ཙམ་འགོར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཐད་ཀར་གྲོས་མོལ་སླར་གསོ་བྱེད་ཆེད། ཨ་མེ་རི་ཁས་ཅོར་ཏན་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་ཁག་ཅིག་ལས་མཚམས་འཇོག་དགོས་པའི་རེ་བ་འདོན་རྒྱུ་ཡིན། གནས་ཚུལ་དེ་འདྲའི་འོག་ཏུ་ཕཱ་ལེ་སི་ཐན་གྱིས་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་བྲེལ་བ་ལངས་མི་རུང་ཟེར།

ཀྲུའུ་པཱ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་རྒྱལ་མཚམས་དང་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་ཐད་ཅོར་ཏན་གྱིས་ཐད་ཀར་དུ་ནུས་པ་འདོན་འདོད་ཡོད་པ་དང་། ཁོས་ད་རུང་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་མགོ་འཛིན་བྱེད་འདོད་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ3པར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་འཚམས་འདྲི་བྱེད་སྐབས་ཀྲུང་ཏུང་གི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན། དེའི་རྗེས་སུ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་ཐེངས་མང་བོར་ས་ཁུལ་དེར་འཚམས་འདྲི་བྱས་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་བྱེད་པ་དང་མུ་མཐུད་དུ་གྲོས་མོལ་བྱེད་པར་བར་འདུམ་བྱེད་པའི་ཆེད་དུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག