མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཀོན་ཐཱ་ནཱ་མོ་བཙོན་ཁང་གི་སྒོ་བརྒྱག་རྒྱུ་ཁས་ལེན་བྱས་ཀྱང་མི་མང་བོས་སྔར་བཞིན་ཟབ་བཅད་དེ་ངོ་རྒོལ་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ4བའི་ཚེས30ཡི་ཉིན་ཡང་བསྐྱར་ཁུ་པཱའི་ཀོན་ཐཱ་ནཱ་མོ་བཙོན་ཁང་གི་སྒོ་བརྒྱག་རྒྱུ་ཁས་ལེན་བྱས་ཀྱང་། མིག་སྔར་ད་རུང་མི103གྱིས་ཟས་བཅད་དེ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཀོན་ཐཱ་ནཱ་མོ་བཙོན་ཁང་གི་བཙོན་མ་སྐོར་ཞིག་གི་ཚབ་བྱེད་པའི་ཁྲིམས་རྩོད་པ་རེ་འགས་མཚམས་སྦྱོར་བྱས་པ་ལྟར་ན། ཟས་བཅད་པའི་མི་གྲངས་ད་རུང་ཇེ་ཉུང་དུ་སོང་མེད་ལ། གནས་ཚུལ་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་ཟེར། ཞོར་དུ་ཁོས་ད་རུང་བསྟན་དོན། བཙོན་ཁང་ལ་བཀག་འཇུག་བྱས་པའི་མི་དེ་དག་འཇིགས་སྐུལ་བྱ་འགུལ་ལ་འབྲེལ་བ་ཡོད་པའི་བདེན་དཔང་ཅི་ཡང་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཟས་བཅད་དེ་ངོ་རྒོལ་བྱེད་པའི་བྱ་འགུལ་ལ་ཞུགས་པའི་བཙོན་མ103གྱི་ཁྲོད་མི36ལ་བཙན་གྱིས་ཁ་ཟས་བྱིན་པ་དང་། ཨོ་པཱ་མཱ་ཡིས་གསལ་སྒྲོག་མ་སྤེལ་གོང་མི31ལ་བཙན་གྱིས་ཁ་ཟས་བྱིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག