མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་ཧཱ་མཱ་ཏི་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:46

1.jpg

  སྤྱི་ཟླ6པའི་ཚེས2ཉིན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་དོན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཧཱ་མཱ་ཏི་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ཧྥ་ཡེ་ཚི་ཡི་ཚབ་ཏུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དུ་བཅུག ཧཱ་མཱ་ཏི་ཡིས་བསྐོ་འཇོག་བཀའ་རྒྱ་དེ་དང་ལེན་བྱས་པར་མ་ཟད། གཟའ་འཁོར་གསུམ་གྱི་ནང་སྲིད་གཞུང་གསར་བའི་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་རྒྱུའི་བསམ་ཚུལ་བསྟན། པར་འདི་ནི2011ལོའི་སྤྱི་ཟླ6པའི་ཚེས15ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་ནཱ་ཅཱ་ཧི་སློབ་ཆེན་གྱི་སློབ་གཙོའི་འགན་ཁུར་བའི་ཧཱ་མཱ་ཏི་སློབ་མའི་མཐར་ཕྱིན་མཛད་སྒོར་ཞུགས་པའི་རྒྱུ་ཆའི་པར་རིས་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤྱི་ཟླ6པའི་ཚེས2ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཧཱ་མཱ་ཏི་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ཧྥ་ཡེ་ཚི་ཡི་ཚབ་ཏུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དུ་བཅུག ཧཱ་མཱ་ཏི་ཡིས་བསྐོ་འཇོག་བཀའ་རྒྱ་དེ་དང་ལེན་བྱས་པར་མ་ཟད། གཟའ་འཁོར་གསུམ་གྱི་ནང་སྲིད་གཞུང་གསར་བའི་རྩ་འཛུགས་བྱ་བ་ཡོངས་འགྲུབ་བྱེད་རྒྱུའི་བསམ་ཚུལ་བསྟན།

  ཕཱ་ལེ་སི་ཐན་དཔོན་ཕྱོགས་ཀྱིས་དེའི་རྗེས་སུ་གནས་ཚུལ་དེ་བདེན་དཔང་བྱས། ཧཱ་མཱ་ཏི་ཡིས་བཤད་རྒྱུར། ཨ་པཱ་སི་ཡིས་ཁོ་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་དང་། ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་ལས་དོན་ཆེན་མོའི་ཐད་འབད་བརྩོན་ཧུར་ལེན་བྱེད་རྒྱུ་ཡིན་ཟེར།

  ཧཱ་མཱ་ཏི་ནི1958ལོར་སྐྱེས་པ་དང་། སྔོན་ཆད་དབྱིན་ཇི་ནས་འབུམ་རམས་པའི་མཚན་གནས་བླངས་པ་ཡིན་ལ། ད་ལྟ་ཕཱ་ལེ་སི་ཐན་ནཱ་ཅཱ་ཧི་སློབ་ཆེན་གྱི་སློབ་གཙོའི་འགན་ཁུར་ཡོད། ཉིས་སྟོང་གཉིས་ལོ་ནས་ད་ལྟའི་བར་ཧཱ་མཱ་ཏི་ཡིས་ཕཱ་ལེ་སི་ཐན་ཀྲུང་དབྱང་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། ཕཱ་ལེ་སི་ཐན་རྩ་ཁྲིམས་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག