མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་ནས་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི9རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས2ཉིན་བཤད་རྒྱུར། ལྷོ་ནུབ་ཕྱོགས་ཀྱི་ཧྲི་པུའུ་ཝ་ཞིང་ཆེན་གྱི་དམག་དོན་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི9རྐྱེན་ལམ་དུ་ཤོར་ཟེར།

ཧྲི་པུའུ་ཝ་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པའི་དམག་དོན་ཞིབ་བཤེར་ས་ཚིགས་དེ་ཧྲི་པུའུ་ཝ་ཞིང་ཆེན་གྱི་གཤེར་གཟུགས་རང་བྱུང་སོལ་རླངས་ཀུང་ཟིའི་ཉེ་འདབས་སུ་བྱུང་བ་དང་། འགས་གཏོར་ལས་ཉུང་མཐར་ཡང་དམག་མི9རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ལྗིད་མོ་ཕོག་ཡོད་ཟེར།

བདེ་འཇགས་དཔོན་པོ་དེས་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་འགའ་རླངས་འཁོར་གཉིས་ལ་བསྡད་དེ་གཤེར་གཟུགས་རང་བྱུང་སོལ་རླངས་ཀུང་ཟི་རུ་འགྲོ་རྩིས་བྱས་ཀྱང་། བདེ་འཇགས་དམག་དཔུང་གིས་ཞིབ་བཤེར་ས་ཚིགས་ནས་བཀག དེའི་རྗེས་སུ་དྲག་ཆས་ཉེས་ཅན་དེ་དག་གིས་རླངས་འཁོར་སྟེང་གི་འགད་རྫས་འགས་གཏོར་བཏང་བར་མ་ཟད། ཞིབ་བཤེར་ས་ཚིགས་ཀྱི་དམག་མི་དང་འཁྲུག་རྩོད་བྱས་རྗེས་དོན་རྐྱེན་བྱུང་ས་ནས་བྲོས་བྱོལ་བྱས་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག