མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཡང་བསྐྱར་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-03 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་ནས་སྤྱི་ཟླ6པའི་ཚེས2ཉིན་གྱི་དགོང་མོར་ཏི་ལེ་པའོ་ལིའི་རྒྱབ་སྐྱོར་མཁན་དང་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་བར་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་། མིག་སྔའི་བར་དུ་འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི17ལ་རྨས་ཕོག

མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད7ཡས་མས་སུ་ཏི་ལེ་པའོ་ལིའི་མུའ་ཧཱ་ཞིན་རི་ཁུལ་དུ་སི་རི་ཡཱའི་སྲིད་གཞུང་ལ་བློ་དཀར་བའི་ཨ་ལཱ་ཝེ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཐཱ་པཱ་ནཱ་མིན་ས་ཁུལ་གྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཞོང་ནེ་ཕྱོགས་ཁག་གི་དྲག་ཆས་མི་སྣའི་བར་ཡང་བསྐྱར་འཁྲུག་རྩོད་དྲག་པོ་བྱུང་། ཕྱོགས་གཉིས་ཀྱིས་བསྟུད་བརྒྱག་མེ་མདའ་དང་ལག་འབོམ་སོགས་མཚོན་ཆ་བཀོལ་སྤྱོད་བྱས། འཁྲུག་རྩོད་བྱེད་སའི་ས་ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་ལེ་པཱ་ནུན་གྱི་དམག་དཔུང་གིས་མྱུར་དུ་ཕྱོགས་གཉིས་ལ་ཕར་རྒོལ་བྱས་ཏེ་ཕྱོགས་ཁག་གཉིས་ཀྱི་འཁྲུག་རྩོད་ལ་བཀག་འགོག་བྱེད་རྩིས་བྱས།

འཁྲུག་རྩོད་བྱུང་རྗེས། འཁྲུག་རྩོད་བྱུང་ས་དང་དེའི་ཉེ་འདབས་སུ་ཡོད་པའི་སྡོད་དམངས་འཐབ་འཁྲུག་ལ་ཡོལ་ཆེད་རང་ཁྱིམ་བསྐྱུར་ནས་ཡུལ་གཞན་དུ་བྲོས་བྱོལ་བྱས་པས། ཏི་ལེ་པའོ་ལི་དང་ལེ་པཱ་ནུན་དང་སི་རི་ཡཱའི་རྒྱལ་མཚམས་ཀྱི་ཨ་ཁཱ་ཨར་ས་ཁུལ་སྦྲེལ་བའི་གཞུང་ལམ་གཙོ་བོ་བཀག་སྡོམ་མི་བྱེད་ཐབས་མེད་བྱུང་།

བསྡོམས་རྩིས་བྱས་པ་ལྟར་ན། ཏི་ལེ་པའོ་ལིའི་ཕྱོགས་ཁག་གཉིས་བར་གྱི་འཁྲུག་རྩོད་དེ་སྤྱི་ཟླ5བའི་ཚེས19ཡི་ཉིན་བྱུང་བའི་ཚུན་ལ། མི30ལྷག་རྐྱེན་ལམ་དུ་ཤོར་བ་དང་མི240ལྷག་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག