མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐ་ལིའི་ཙུང་ལིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ཁས་ལེན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་ཙུང་ལི་ལའི་ཐེས་སྤྱི་ཟླ5བའི་ཚེས29ཉིན་རྒྱལ་ཚོགས་སྟོད་པར་སླད་ཕྱིན་ཟླ་བ18ནང་། རྩ་ཁྲིམས་བཟོ་བཅོས་བྱས་ཚར་བ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ལའི་ཐེས་དབྱི་ཐ་ལིའི་རྩ་ཁྲིམས་འཛམ་གླིང་ཐོག་ཡག་ཤོས་ཡིན་མོད། འོན་ཀྱང་དེང་རབས་སྤྱི་ཚོགས་དགོས་མཁོ་སྔར་ལས་ལྷག་པ་སྐོང་ཐུབ་ཆེད། རྩ་ཁྲིམས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས་ཀྱི་ཡོད་ཅེས་དང་། ཁོང་གིས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་རྒྱུ་དེ་ནི་དབྱི་ཐ་ལིས་བྱེད་ཐུབ་པའི་ཚད་གཞི་མཐོ་ཤོས་ཀྱི་གྲུབ་ཆའི་སྒྱུར་བཅོས་ཤིག་ཡིན། མིག་སྔར་དབྱི་ཐ་ལིའི་ལམ་ལུགས་ཐད་བཀོད་ཇུས་ཀྱི་ནུས་པ་འདང་གི་མེད་ཅིང་། སྣང་ཚུལ་དེར་འགྱུར་བ་གཏོང་རྒྱུ་ནི་གྲོས་རིམ་ཞིག་ཏུ་གྱུར་ཡོད་པས་རྩ་ཁྲིམས་བཟོ་བཅོས་བྱེད་རྒྱུའི་བརྒྱུད་རིམ་དུས་བཀག་མེད་པར་ནར་འགྱང་གཏོང་མི་རུང་། ཟླ་བ18ནི་དུས་མཚམས་འཚམ་ཤོས་ཡིན་ཞེས་གསུངས་འདུག

དབྱི་ཐ་ལིའི་རྒྱལ་ཚོགས་སྟོད་པས་ཉིན་དེ་རང་ལ་རྩ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུའི་ཇུས་གཞིར་གྲོས་འཆམ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག