མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ལ་འབར་གས་འཇབ་རྒོལ་དོན་རྐྱེན་ཐེངས་མང་ཐོན་པ་དང་མི26གྲོངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ལ་སྤྱི་ཟླ5བའི་ཚེས29ཉིན་སླར་ཡང་དྲག་ཤུགས་ཀྱི་འབར་གས་འཇབ་རྒོལ་དོན་རྐྱེན་ཐོན་ནས་མི26ཤི་བ་དང་མི80ལ་རྨས་སྐྱོན་བཟོས་ཡོད་པ་རེད།

རང་མིང་ཤོད་འདོད་མེད་པའི་དབྱི་རག་ནང་སྲིད་པུའི་དཔོན་རིགས་ཀྱིས་རྒྱལ་ས་པ་ཀ་ཏར་ཉིན་དེ་རང་གི་དགོང་མོ་རླངས་འཁོར་འབར་གས་ཀྱི་འཐབ་རྒོལ་དོན་རྐྱེན་ཁག་གཉིས་ཐོན་ཡོད་ཅེས་བཤད་པ་དང་། ཁོང་གིས་ད་དུང་ཟུར་གསལ་བྱས་པར། དབྱི་རག་ཤར་རྒྱུད་མངའ་སྡེ་ཏི་ཡ་ལའི་ལྟེ་བའི་གྲོང་ཁྱེར་པ་ཀུ་པད་ཀྱི་རྐང་རྩེད་སྤོ་ལོའི་ཐང་ཆེན་ནང་ལ་ཡང་ཉིན་དེར་འབར་མདེལ་འཇབ་རྒོལ་དོན་རྐྱེན་ཁག་གཉིས་ཐོན་ཡོད་པ་རེད་ཅེས་བཤད་འདུག

གཞན་ཡང་ས་ལ་ཧེ་མངའ་སྡེའི་འགོ་འཛིན་ཀྲུའ་པུ་ལིའི་རླང་འཁོར་རུ་ཁག་ཉིན་དེ་རང་གི་ཕྱི་དྲོ་ས་ལ་ཧེ་ཏིང་མངའ་སྡེའི་གྲོང་ཁྱེར་ལྟེ་བ་ཏི་ཁེ་ལིའི་ཉེ་འདབས་ནས་རླང་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཁག་གཉིས་འཕོག་ཡོད་པ་དང་། སྟབས་ལེགས་པ་ཞིག་ཁོང་རང་ལ་ཆག་སྒོ་དེ་ལས་ཐར་ཐུབ་ཙམ་བྱུང་ཡོད་པ་རེད།

སྤྱི་ཟླ5བའི་ཚེས28ཉིན་བར་སླེབས་དུས་ཟླ་བ་འདིའི་ནང་མང་ཚོགས789འཇིགས་སྐུལ་འཇབ་རྒོལ་གྱི་དྲག་ཤུགས་གདོང་ཐུག་ནང་སྲོག་ཤོར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག