མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ལྗར་པན་ནས་ནོར་འཁྲུལ་གྱི་གཏམ་བཤད་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧོང་ལེ་ཡིས་སྤྱི་ཟླ5བའི་ཚེས28ཉིན་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཀྲུང་གོས་ལྗར་པན་ནས་ལོ་རྒྱུས་ལ་ཡང་དག་པའི་ལྟ་སྟངས་བཟུང་ནས། ནང་བློན་ཁང་གི་དྲུང་ཆེ་ཅན་དབྱི་ཝེ་ཡིས་བཤད་པའི་འབྲེལ་ཡོད་གཏམ་བཤད་གསལ་པོ་བཟོ་དགོས་པ་དང་ཡོ་བསྲང་བྱེད་དགོས་པ་མ་ཟད། རྒྱུན་ཤེས་མེད་པའི་སྐད་ཆ་དེ་རིགས་སླར་ཡང་ཤོད་རྒྱུ་མེད་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བསྟན།

ཧོང་ལེ་ཡིས་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་ལྗར་པན་ནང་བློན་ཁང་གི་དྲུང་ཆེས་བཤད་པའི་འབྲེལ་ཡོད་གཏམ་བཤད་ཐད་ཀྲུང་གོའི་ལངས་ཕྱོགས་གསལ་སྟོན་བྱས་ཟིན་ཡོད། ཉེ་རབས་ཤར་ཚུན། ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བརྩན་འཛུལ་བྱེད་པའི་དམག་འཁྲུག་བསླངས་ནས། ཁྲིམས་འགལ་ངང་ཐའེ་ཝན་དང་དེ་བཞིན་དེའི་ཟུར་གཏོགས་ཀྱི་གླིང་ཕྲན་སོགས་ཀྲུང་གོའི་མངའ་ཁོངས་ས་ཆ་བཙན་འཛིན་བྱས་ཡོད། དེ་ནི་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་གནས་ཚུལ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག