མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རི་ནེ་ཝ་ཡི་གྲོ་ཚོགས་ལ་ཞུགས་པར་ཁས་ལེན་མ་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ5བའི་ཚེས30ཡི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་མ་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པར་མ་ཟད། ཐེངས་འདིའི་གྲོས་ཚོགས་དེ་སྤྱི་ཟླ6པའི་ཚེས5ཉིན་བསྡུ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁཱ་ཧྲི་ཝེ་ཆི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གྲོས་གཞི་བཏོན་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་དེ་མིག་སྔར་གྲ་སྒྲིག་བྱེད་པའི་གནད་འགག་གི་དུས་རིམ་དུ་བསླེབ་ཡོད་པས། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་མ་བྱས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར།

གསལ་སྒྲོག་ནང་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་ཉེ་སྔོན་དབྱི་སི་ཐན་པོར་ནས་བསྡུས་པའི་ཚང་འཛོམས་གྲོས་ཚོགས་སྟེང་སྔོན་ཆད་ཀྱི་རྣམ་འགྱུར་དང་ལངས་ཕྱོགས་བསྒྱུར་མེད་པར་སྔར་བཞིན་པཱ་ཧྲ་ཨར་གྱིས་སྲིད་དབང་བསྐྱུར་བ་ནི་ཆབ་སྲིད་བར་བརྒལ་གནད་དོན་གང་རུང་ལ་གྲོས་བསྡུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་བཤད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཆོད་དོན་དེས་སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་མཚམས་འཇོག་པའི་འཕེལ་རིམ་ལ་བར་ཆད་བཟོས་པ་ཡིན་ལ། སི་རི་ཡཱའི་མི་དམངས་ཀྱི་ཁེ་ཕན་དང་རྒྱབ་འགལ་དུ་སོང་ཡོད་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག