མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་ཨུ་རུ་སི། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་དཔོན་རིགས་ཀྱིས་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་གི་གསར་འགྱུར་འགན་ཁུར་མི་སྣ་ཁི་ལིན་ནཱ་མའོ་མཱ་ཨར་ཝ་ནེ་ཨན་གྱིས་སྤྱི་ཟླ5བའི་ཚེས30ཡི་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁ་དང་ཨུ་རུ་སི། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས5ཉིན་རི་ནེ་ཝ་ནས་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བཏོན་པའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཁོ་མོས་གསལ་སྒྲོག་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱི་གྲོས་ཚོགས་ལ་ཞུགས་པའི་མཐོ་རིམ་དཔོན་པོར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་བཅས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག