མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོ་དང་རྒྱ་གར་གྱིས་ད་ལོར་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་པར་རེ་བས་ཁེངས་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-31 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་ཙུང་ལི་དབྱིན་ལཱ་ཡིས་སྤྱི་ཟླ5བའི་ཚེས30ཡི་ཉིན་མན་ཀུའུ་ནས་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ད་ལོར་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་པར་རེ་བ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་སྔར་ལས་ལྷག་པའི་སྒོ་ནས་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ན་ནིང་སྤྱི་ཟླ11པར་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་རང་དབང་ཉོ་ཚོང་ས་ཁུལ་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། བྱེ་བྲག་ཏུ་ལག་བསྟར་བྱེད་པར་ད་རུང་མུ་མཐུད་དུ་ལེགས་སྒྲིག་བྱེད་དགོས། ཕྱོགས་གཉིས་ཀྱིས་ད་ལོའི་སྤྱི་ཟླ6པ་དང་སྤྱི་ཟླ7པར་མན་ཀུའུ་ནས་བསྡུ་རྩིས་ཡོད་པའི་སྐོར་ཐེངས་རྗེས་མའི་གྲོས་མོལ་ནས་མཇུག་མཐའི་གྲུབ་འབྲས་ལོན་པར་རེ་བས་ཁེངས་ཡོད་ཟེར།

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ནང་ཕྱོགས་གཉིས་ཀྱིས་བསྟན་དོན། འདས་པའི་ལོ5ཡི་ནང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ལོ་རེར་ཆ་སྙོམས15%འཕར་སྣོན་བྱུང་བ་དང་། ན་ནིང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ8དང་དུང་ཕྱུར6ལ་བསླེབས། ན་ནིང་རྒྱ་གར་གྱིས་ཐེ་གོ་ནས་མ་དངུལ་བཏང་ཚད་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར2ལ་བསླེབས་པ་དང་། ཐེ་གོ་ཡིས་རྒྱ་གར་དུ་མ་དངུལ་བཏང་ཚད་ཨ་མེ་རི་ཁའི་སྒོར་མོ་བྱེ་བ1.2ལ་བསླེབས་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་མཉམ་དུ་ཐེ་གོ་དང་རྒྱ་གར་གྱི་ཚོང་ལས་གླེང་སྟེགས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པའི་ཚོང་དོན་ལམ་ཡིག་མྱུར་སྟེར་བྱེད་ཐབས་ལག་བསྟར་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་འགྲོ་འོང་ལ་ཡར་སྐུལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྒེར་གཉེར་ཁེ་ལས་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག