མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་པཱ་ལཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི38ལ་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱ་དབུས་ཕྱོགས་ཀྱི་པཱ་ཀ་མཱ་ཏིས་ས་ཁུལ་གྱི་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི13རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག

འགྲིམ་འགྲུལ་དོན་རྐྱེན་དེ་རྒྱལ་ས་ཀཱ་ཏི་མན་དྷི་དང་བར་ཐག་སྤྱི་ལེ100ཙམ་ཡོད་པིའ་ས་ནས་བྱུང་བ་དང་། ས་དེའི་ཉེན་རྟོག་དཔོན་པོས་བཤད་རྒྱུར། མི55དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གཏིང་ཚད་ལ་སྨིད100ཡོད་པའི་གྲོག་རོང་དུ་ལྷུང་སྟེ་ཤི་རྨས་དོན་རྐྱེན་བཟོས་པ་རེད། རྨས་སྐྱོན་ལྗིད་པའི་རྨས་མ་ཅུང་མང་བའི་དབང་གིས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ནང་མི་མང་དྲགས་པ་ནི་འགྲིམ་འགྲུལ་དོན་རྐྱེན་དེའི་འབྱུང་རྐྱེན་ཡིན་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག