མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གང་མགྱོགས་སྒོས་འགོག་རྒོལ་དམག་དཔུང་ལ་ཆམ་ཕབ་གཏོང་བའི་ས་གནས་འགུལ་སྐྱོད་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ5བའི་ཚེས29ཡི་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཡང་བསྐྱར་ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འགོག་རྒོལ་དམག་དཔུང་གིས་འཇབ་རྒོལ་བྱེད་མཚམས་འཇོག་པ་དང་མཚོན་ཆ་གཞུང་ལ་སྤྲོད་དགོས་པའི་རེ་བ་བཏོན་པ་དང་། གང་མགྱོགས་སྒོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོག་རྒོལ་དམག་དཔུང་ལ་ཆམ་ཕབ་གཏོང་བའི་ས་གནས་འགུལ་སྐྱོད་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཨ་ཧྥེ་རི་ཁ་དབུས་མ་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་སྒྲུབ་ཁང་དང་འགོག་རྒོལ་དམག་དཔུང་གི་གནད་དོན་ཐད་ནས་དཔྱད་གླེང་ཚོགས་འདུ་བསྡུས་ཏེ་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་འགོག་རྒོལ་དམག་དཔུང་གིས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ཞིང་འགྲོ་མིའི་ཐོབ་ཐང་རྡོག་བརྫིས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པས། མྱུར་དུ་འཇབ་རྒོལ་བྱེད་མཚམས་འཇོག་པ་དང་། བཙན་ཁྲིད་བྱས་པའི་མི་སྣ་ཚང་མ་ཕྱིར་བཏང་ནས། མཚོན་ཆ་གཞུང་ལ་སྤྲོད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག