མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་མང་བོའི་འཐུས་མིས་ཏི་ཧེ་ལན་ནས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:03

1.jpg

  སྤྱི་ཟླ༥བའི་ཚེས༢༩ཡི་ཉིན། སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་དེ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོའི་འཐུས་མི༤༠ལྷག་གྲོས་ཚོགས་ལ་ཞུགས་ཏེ། མཉམ་དུ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལ་གྲོས་བསྡུར་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་སྤྱི་ཟླ5བའི་ཚེས29ཡི་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོའི་འཐུས་མི་བཞི་བཅུ་ལྷག་གྲོས་ཚོགས་ལ་ཞུགས་ཏེ། མཉམ་དུ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལ་གྲོས་བསྡུར་བྱས།

  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་སཱ་ལེ་ཞི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ཏེ། སི་རི་ཡཱའི་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུ་དེ་ཡིན་ཟེར།

  སཱ་ལེ་ཞི་ཡིས་བཤད་རྒྱུར། སི་རི་ཡཱ་ནི་ཀྲུང་ཏུང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། དེའི་ཉམས་ཉེན་མུ་མཐུད་དུ་རྒྱུན་བསྲིངས་ན་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད། མཛའ་མཐུན་རྒྱལ་ཁབ་དག་ཕན་ནུས་ལྡན་པའི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཞུགས་པར་དགོས་གལ་ཆེ་ཟེར།

  སཱ་ལེ་ཞི་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་རི་ནེ་ཝ་ནས་ཡང་བསྐྱར་སི་རི་ཡཱའི་ཉམས་ཉེན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་སྐོར་གྱི་བྱེད་ཐབས་ལའང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག