མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ལོ་ཏིས་ཧེ་འཕེལ་རྒྱས་གླེང་སྟེགས་ནས་ནུས་ཁུངས་གནད་དོན་དེ་ཀུན་གྱིས་ཡིད་འཇོག་བྱེད་སའི་གཞི་རུ་གྱུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་པའོ་ལོ་ཏིས་ཧེ་འཕེལ་རྒྱས་གླེང་སྟེགས་ཀྱི2013ལོའི་མཐོ་རིམ་གྲོས་ཚོགས་སྤྱི་ཟླ5བའི་ཚེས29ཡི་ཉིན་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཀཱ་ནས་ཚོགས་མགོ་བརྩམས་པ་དང་། པའོ་ལོ་ཏི་ཧེ་ས་ཁུལ་གྱི་ནུས་ཁུངས་གནད་དོན་དེ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གླེང་གཞི་གཙོ་བོར་གྱུར།

སྐབས་འདིའི་པའོ་ལོ་ཏི་ཧེ་འཕེལ་རྒྱས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་པའོ་ལི་ཏི་ཧེ་ས་ཁུལ་གྱི་རྒྱལ་ཁབ་དག་གི་དཔོན་པོ་དང་ཁེ་ལས་པ། མཁས་པ་བཅས་མི400ལྷག་ཞུགས། ཚོགས་ཐོག་ནས་པའོ་ལོ་ཏི་ཧེ་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་འཐུས་མིས་ལང་ལོང་སྒོས་རྒྱལ་ཁབ་བར་གྱི་ནུས་ཁུངས་མཉམ་ལས་ཐད་བསམ་འཆར་བཏོན་པ་དང་། མིག་སྔར་ལག་བསྟར་དང་འཆར་འགོད་བྱེད་བཞིན་པའི་ནུས་ཁུངས་མཉམ་ལས་ལས་གཞིའི་ཐད་གྲོས་གཞི་བཏོན།

ལཱ་ཐའོ་ཝེ་ཡཱའི་ནུས་ཁུངས་ཀུང་ཟིའི་མགྲིན་ཚབ་པ་ལེ་ཧྥུའུ་མན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། པའོ་ལོ་ཏི་ཧེ་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་ཟབ་མོས་ལཱ་ཐའོ་ཝེ་ཡཱའི་ནུས་ཁུངས་འཐབ་ཇུས་ལ་གལ་འགངས་ཧ་ཅང་ཆེ་བར་མ་ཟད། ཡོ་རོབ་གླིང་གི་ནུས་ཁུངས་ཚོང་རའི་བརྟན་འཇགས་དང་པའོ་ལོ་ཏི་ཧེ་ས་ཁུལ་གྱི་ནུས་ཁུངས་ཚོང་རའི་རང་དབང་ཅན་གྱི་འཕེལ་རིམ་ལ་འབྲེལ་བ་དམ་ཟབ་ཡོད་ཟེར།

ཚོགས་ཞུགས་མཁན་ཚང་མས་གཅིག་གྱུར་སྒོས་བལྟས་ན། པའོ་ལོ་ཏི་ཧེ་ས་ཁུལ་གྱི་ནུས་ཁུངས་གནད་དོན་གྱི་གནད་འགག་ནི་ནུས་ཁུངས་ཐོན་ཁུངས་ཀྱི་སྣ་མང་ཅན་དང་ཡང་བསྐྱར་བེད་སྤྱོད་བྱས་པའི་ཆོག་པའི་ནུས་ཁུངས་ཀྱི་བེད་སྤྱོད། ནུས་ཁུངས་མཁོ་འདོན་གྱི་བདེ་འཇགས་རང་བཞིན། ས་ཁོངས་རང་གི་གློག་ཤུགས་ཚོང་རའི་མཁོ་འདོན་ནུས་པ། འགྲན་རྩོད་ནུས་པའི་འཕེལ་རྒྱས་བཅས་ཡིན་པ་དང་། པའོ་ལོ་ཏི་ཧེ་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་ནུས་ཁུངས་མཉམ་ལས་ཀྱི་སྣ་མང་རང་བཞིན་དེ་སྔར་ལས་གལ་ཆེན་དུ་འགྱུར་བཞིན་ཡོད་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག