མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི26རྐྱེན་ལམ་དུ་ཤོར་བ་དང་མི80ལ་རྨས་ཕོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-30 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནས་སྤྱི་ཟླ5བའི་ཚེས29ཡི་ཉིན་ཡང་བསྐྱར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི26རྐྱེན་ལམ་དུ་ཤོར་བ་དང་། མི80ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་ནང་སྲིད་པུའུ་ཡི་དཔོན་པོ་ཞིག་གིས་ཚེས29ཡི་ཉིན་གསར་འགོད་པར་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱ་ནས་ཉིན་དེའི་དགོང་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་བ་དང་། དེའི་ནང་འཇབ་རྒོལ་དོན་རྐྱེན་གཅིག་ནི་པཱ་ཀ་ཏཱའི་ལྷོ་ནུབ་ཕྱོགས་ཀྱི་ཅི་ཧཱ་ཏི་ས་ཁུལ་གྱི་གཉེན་སྟོན་མཛད་སྒོ་ཞིག་གི་སྟེང་བྱུང་བ་དང་། ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། མི46ལ་རྨས་ཕོག རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཞན་ཞིག་ནི་པཱ་ཀ་ཏཱ་གྲོང་ཁྱེར་ནུབ་ངོས་ཀྱི་ཅཱ་ཙེ་ལེ་ཡཱ་ས་ཁུལ་གྱི་ཚོང་ར་ཞིག་ནས་བྱུང་བ་དང་། ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར་བ་དང་། མི16ལ་རྨས་ཕོག་ཟེར།

དཔོན་པོ་དེས་ད་རུང་བཤད་རྒྱུར། དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལ་ཞིང་ཆེན་གྱི་པཱ་ཀུའུ་པེད་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་ར་བ་ཞིག་ནས་ཀྱང་ཉིན་དེར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། མི13ལ་རྨས་ཕོག་ཟེར།

དེ་ལས་གཞན་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། དབྱི་རག་བདེ་འཇགས་དམག་དཔུང་དང་དྲག་ཆས་ཉེས་ཅན་གྱི་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དང་། དབྱི་རག་དང་སི་རི་ཡཱའི་རྒྱལ་མཚམས་ཉེ་འདབས་སུ་འཁྲུག་རྩོད་བྱས་ཏེ། ཉེན་རྟོག་པ3རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན་དེ་དག་སི་རི་ཡཱའི་མངའ་ཁོངས་སུ་བྲོས་བྱོལ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག